| | e-texts navigator
|
47b1 བྲུ་རྡུགས་དང་།།ལྷ་ཁང་གནས་ཁང་དྲལ་པོར་མི་ཤོང་སྒོ་ལ་འཛུལ་ནས་སླར་མི་མཐོན།།ཆུང་ངན་མཚོ་དང་ལུ་མ་ཉ་སྦྲུལ་སོགས།།ཕག་པ་བུ་གྲང་མ་ཏོ་ལ་སོགས་ཏེ།།ཤིན་ཏུ་ཡང་དུ་མ།
47b2 འོད་གཟུགས་མང་སྟེན།རི་གཟར་མི་ཐར་པ་དང་ལྕེ་སྤྱད་ཚོགས་ཀྱིས་འདོད།།དེ་དག་གནོད་རྟགས་ལུས་ཀྱི་ཉམས་མྱེང་ཡང་།།ནུ་བ་དང་ནི་ཀླུ་དང་ཆང་ལ་དགའ།ནང་དང་ཉམས
47b3 ཡན་ལྡག་ན།།ཤ་ནི་འརྒྱལ་འཕྲིག་ཤུ་བ་གཡན་པ་ཤ་བཀྲ་དང་།།ངོ་ལྷོ་ཤ་རོ་སྐབསུ་ཟུག་ཟེར་ཆེ།།དེ་དག་གནོད་པའི་རྟག་སུ་ཤེས་པར་བྱ།།དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི
47b4 རྒྱུད་ཕྱི་མ་ལས།བསྙེན་སྒྱུ་ཀྱི་དལྟས་དང་།།གནོད་རྟགསུ་བསྟན་པའི་ལེའུ་སྟེ་བཅུ་པའོ།།།།དེ་ནས་ལྷའི་དབང་པོས་གསོལ་པ།ཀྱེ་བཅོམ་ལྡན་འདས་སེན་གྱི་ལུས་ལ།
47b5 བདུག་པའི་དུག་ལུས་ལ་སློབ་པའི་མཚན་ཉིད་བཤད་གསོལ།།དེ་སྐད་ཅེས་གསོལ་པས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།ཤ་མཐངས་བར་དུ་སླེབ་པའི་དུག།རྟག་ཏུ་སྙིང
47b6 ཡང་མི་དགའ་ཞིང་།།ཤི་རྩ་ཟ་ཞིང་འགུལ་དང་འཕྲོག།རྟག་ཏུ་འཁྲུག་སྙིང་འདོད་པ་དང་།།ཤ་ཡང་འོ་མའི་དབྲིས་མཱ་བཞིན།།ཤ་མདོག་མེ་ལྕེ་འདྲ་བའི།།སྐབསུ་ཤ་མཐོངས
47b7 པར་དག་ན།།ཆུ་བྲངས་བླུགས་པ་སྙམ་བྱེད་དང་།།ཤུ་བ་བ་ལྷགས་ཤི་བཀྲའོ།།གདུག་པ་དུག་གིས་ཤ་ལ་སླེབ་པ་ནི།།འཕྲོག་འབུལ་ཤ་སྦྲིད་བྱེད་པ་ལྟ།།ཤ་ནི་གནག་ཅིང
iiif viewer powered by OpenSeadragon
47a - 48a