| | e-texts navigator
|
47a1 ཉིད་བང་།།ཟློག་དུ་མྱི་བཟློགས་ཇི་ལྟ་བུ།།ཁྱོ་བདག་ཆེན་པོས་པ་ཤདུགསོ་པ་ས་གསོལ་པས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཉོན་ཅིག
47a2 ཡི་དབང་པོ་དང་།།བསྟན་དང་སྒྲུབ་པ་རྟགས་དང་གནོད་པ་རྟོགས།།ལྕགས་ཟུངས་མི་དང་གཅེར་དུ་དྲིམ་པ་ཐོགས།།བ་བླང་ཉ་ལྡིངས་ཟ་བྱེ་དང་།།མི་ཆེན་འབར་དང་ཟམ་པ་འདུགས།
47a3 བསྐྱེད་ཤིང་འཛུགས་དང་ཉི་མ་ཤར།།བཟུང་བའི་རྟག་སུ་ཤེས་པར་བྱ།།ཉི་མ་ནུབ་དང་ནམ་སྲོས་ཐུར་ལ་བབས།།བརྩོན་དུ་བཟུང་ནས་མི་ཐིག་ཁུར་བསྒྱུར་དང་།སྒྲུབ་པ་གཞན་གྱི་ཡུལ
47a4 དུ་འགྲོ་བ་ངན་པའི་རྟགས།།ལུང་པ་དང་ནི་བསྐམས་ནས་ཆུ་བྱུང་དང་།།ཉ་སྦྲུལ་ས་རླུང་གསོད་དང་འཚོད་པ་དང་།རིང་དང་སྐེམས་པ་དེ་དག་ཁྲི་ལ་འདུག།གཅེར་བུ་སྐྱེ་བཅིངས་ཚོགས
47a5 ཀྱིས་སེམས་ཅན་གསོད་པ་མཐོང་།།འཇིགས་པའི་ཆུ་མིག་བསྐམས་དང་རྟག་ཏུ་ནོར་བུ་རྒྱུ།།སྦལ་སྦྲུལ་ཟསུ་ཟ་དང་ཁྱི་སྤྱང་གསོད་ལ་སོགས།།བཟང་བའི་བལྟ་སུ་ཡང་དག་ཤེས་པར་བྱ
47a6 ཆུ་ནང་ཆུད་དང་སྦལ་སྦྲུལ་ལུས་ལ་འཇུག།དེ་དག་ཕྱི་བཞིན་དུ་ནི་འབྲེང་བྱེད་ཞིང་།།སྡོང་བུ་མཆུ་རིངས་ལ་སོགས་ལུ་ས་ལ་བྲི།།བ་གླང་མ་ཧེའི་ཚོགས་ཀྱིས་གདུངས་ནས་འདབ་པ་དང་།།
47a7 སྦྲེང་ཚོགས་ཀྱིས་གཟུགས་དང་འདམ་དུ་ཆུང་།།འབོག་སེང་བུ་ཆུང་ལ་སོགས་སྟོན་པང་ན།།གནོད་རྟགས་གཏིང་རངས་གྲོག་པ་མི་ཤོང་ཕྱིན་དང་སླར་མི་ཐར།།རི་བྲག་དོག་མོ་ལུང་དང
iiif viewer powered by OpenSeadragon
46b - 47b