| | e-texts navigator
|
3b1 རྣམས་སྒྲུབ་པ་ལ།།ཐིག་ལེའི་རང་བཞིན་མི་ཤིགས་ལ།།ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས།།བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ།།འཁོར
3b2 ལོའྀ་བདག་པོ་ཁྱོད་ལ་བསྟོད།།ས་བོན་རབ་ཏུ་འབར་བ་ཡིས།།ཐབས་དང་ཤེས་རབ་སྲོག་གསོ་མཛད།།བདེ་ཆེན་རབ་ཏུ་གསོལ་མཇེད་ན།སྡུག་བསྔལ།།
3b3 ཉོན་མོངས་འཇོམས་ལ་འདུད།།ོཾ་ཨེ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨ་ཎཱི་ཨཱུ་དྱ་ནུ་ཏ་པྲནྡྷ་ཏྭཱ་ཏ་ཨོཾ་ཨཱ་ཧཱུཾ།།ཞེས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁྱོར་གྱི་ལྷ་ལ
3b4 བསྟོད་ནས་འཛུད་དོ།།བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་ལཾ་ལེགས་སོ་ཞེ་ས་བྱ་བ་བྱིན་ནས་འཁོར་རྣམས་སྤྲོས་ཏེ།དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན
3b5 འདས་ལེགསོ་ལེགསོ།།དེའི་ཕྱིར་འདི་གསང་སྔགས་ལས་ཐམས་ཅད་སྒྲུབ་པ།།སྡིག་པ་ཐམས་ཅད་འཇོམས་པ།དྲག་པོ་གསུམ་འདུལ་བ་འདི་གསུང
3b6 དུ་གསོལ་ཞེས་བརྗོད་ནས་བསྐོར་དེ་བྱས་ཏེ་སྨན་སྡེར་འཁོར་རྣམས་དང་ལྷན་ཅིག་ཏུ་འཇུག།དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ
3b7 སྙེད་ཀྱི་གསུངས་ཤིང་བྱིན་གྱིས་རླབས་པའི་རིག་སྔགས་འདི་གདུག་བཙན་རྣམས་འདུལ་བའི་དོན་དུ་བརྗོད་པར་བྱའོ།།ཏདྱེཐཱ།བྷོ་བྷོ་བི་ནཱ་ག~ཾ་ཨ་དྷི་པ་ཏ
iiif viewer powered by OpenSeadragon
3a - 4a