| | e-texts navigator
|
21a1 གསང་བའི་རྒྱུད།དཔལ་གཏུམ་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ན
21a2 སྐུ་དང་གསུང་དང་ཐུགས་དང་།ལྗོན་དང་།ཕྲིན་ལས་ལ་གཟིགས་པའི་བདེ་བར་གཤེགས་པ་ཐམས་ཅད་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དང་།སྤྲུལ་པའི་སྐུ་དང་།རྡོ
21a3 རྗེའི་སྐུ་དང་།མངོན་པར་བྱང་ཆུབ་པའི་སྐུས་འགྲོ་བའི་དོན་མཛད།།བརྗོད་མེད་དོན་གྱི་གསུང་དང་།དགོངས་པ་བརྡའི་གསུང་དང་།ཚོང་པ་དབྱངས་ཀྱི་གསུང་དང་།དབྱེར་མི་ཕྱེད་པའི
21a4 གསུང་དང་།རིག་པའི་བྱིན་གྱིས་བརླབས་ཀྱི་གསུང་གིས་འགྲོ་བའི་དོན་མཛདདོ།།ཆོས་ཀྱི་དབྱིངས་ཀྱི་ཐུགས་དང་།མེ་ལོང་ལྟ་བུའི་ཐུགས་དང་།མཉམ་པ་ཉིད་ཀྱི་ཐུགས་དང་།སོ་སོར
21a5 རྟོག་གི་ཐུགས་དང་།བྱེ་བ་གྲུབ་པའི་ཐུགས་ཀྱིས་འགྲོ་བའི་དོན་མཛད།།གནས་དང་།གདོན་ཁྲི་དང་།འཁོར་དང་།འདུལ་བའི་ཞིང་དང་།སྐུ་འོད་ཟེར་བསམ་གྱིས་མི་ཁྱབ་པས་འགྲོ།
21a6 བའི་དོན་མཛད།།ཞི་བ་དང་།རྒྱས་པ་དང་།དབྱུང་དང་།དྲག་པོ་དང་།ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད།།དེའི་ཚེ་དེའི་དུས་ན།བཅོམ་ལྡན་འོངས་རིག་ལྟ
21a7 དང་རིགས་གསུམ་ལ་སོགས་པའི་སངས་རྒྱས་ཀྱིས་སེཾན་འདུལ་བའི་དུས་ལེ་བྲབ་པར་གཟིགས་ནས་མ་ཆགས་པའི་ཐུགས་རྗེས་རྣམ་པ་སྣ་ཚོགས་པའི་སྤྲུལ་པས་འགྲོ་བའི་དོན
iiif viewer powered by OpenSeadragon
20b - 21b