e-texts navigator
Collection
Volume
Page
Wylie

385a1 ཡང་དག་བརྒྱན་ཏེ་མདུན་བཞག་ནས།།དཀྱིལ་འཁོར་འཇིགས་པ་བྲི་བྱ་སྟེ།།རྩ་སོགས་གསང་སྔགས་རབ་ཏུ་ཟླ།།འབྱུང་པོའི་གཏོར་མ་ཡང་བྱིན་ཏེ།།ཤ་ན་ནག་པོ་མདངས
385a2 དང་ལྡན།།མྱོས་བྱེད་བསྲེགས་པ་རོ་ཡི་ཁར།།མཚན་གཅིག་ཐོག་ཐག་སྦྱིན་བསྲེག་བྱ།།དེ་ནས་ཐེ་རངས་དུས་སུ་ཡང་།།ཁྲག་ཆེན་ཕྱོགས་བཞིར་གཏེར་ནས་ནི།།མར་ཁུ་ཆེན་པོ་རོལ་སྐུ།།དེ་ནས།
385a3 རོ་དེ་ལངས་འགྱུར་ཏོ།།ཁྲི་དང་ལྡན་པའི་ཨག་ཅར་གྱིས།།ས་གསུམ་མོ་ཡི་སྒྲས་འགེངས་བྱེད།།དེ་ཚེ་སྒྲུབ་པོ་སྐྲག་མི་བྱ།།མཱ་མ་ཀི་ཡི་སྦྱོར་བ་སོགས།།སྲུང་བའི་འཁོར་ལོས་བསྲུང་བར་བྱ།།
385a4 སྐྲག་ན་ད་མ་ཐག་ཏུ་གསོད།།དེ་ཚེ་སྲུང་བས་བསྲུང་བྱས་ནས།།བདག་ཉིད་ལངས་ཏེ་དེ་ཡི་རོར།།ཡུངས་ཀར་གྱིས་ནི་བརྡེག་པར་བྱ།།དེ་ནས་དེ་ནི་བབས་གྱུར་ཏེ།།སྒྲུབ་པ་པོ་ཡི་མདུན་གནས་ནས།།
385a5 བཀའ་ནོད་འདི་སྐད་སྨྲ་བར་བྱེད།།སེམས་ཅན་ཆེན་པོ་ཁྱོད་ཅི་འདོད།།བདག་ལ་ཡང་དག་བཀའ་སྩལ་ཅིག།རལ་གྲི་མིག་སྨན་ས་འོག་གམ།།རྐང་འགྱོགས་དེ་བཞིན་བཅུད་ཀྱིས་ལེན།།མི
385a6 སྣང་འགུགས་པ་ལས་གང་དག།བདག་གིས་གཅིག་ཙོག་སྤང་བར་བྱ།།དེ་ནས་སྒྲུབ་པོ་དེ་ཡིས་ཀྱང་།།གང་འདོད་སྨྲས་ནས་ཅང་ཏེའུ་བརྡུང་།།དེ་ནས་རོ་ལངས་ཁ་དེ་ནས།།དུ་བ་ཐུལ་ཞིང་མེ་འག
385a7 རིན་དེ་ནས་སྦྲུལ་ནག་ལྟ་བུ་རུ།།རོ་ཡི་ཁ་ནས་འབྱུང་བར་བྱེད།།ད་དེ་སྒྲུབ་པས་ཁ~ཾ་ཡིས་བླང་།།བྱུང་སྟེ་གསེར་གྱི་རལ་གྲིར་འགྱུར།།དེ་ཐོགས་ཚངས་པའི་འཇིག་རྟེན་ཁམས།།སྟེང་དུ




iiif viewer powered by OpenSeadragon

384b - 385b

Texts on this page

N411 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po