| | e-texts navigator
|
384b1 ལས་ཀྱང་ཡོང་མི་བྱ།།ལག་པའི་ཕྱག་རྒྱ་རྣམས་ཀྱང་སྤང་།།ཉིན་རེ་ནང་ནི་དུས་བཞི་རུ།།བུ་མོ་ལེགས་པར་གོམས་པ་ལས།།ག་པུར་ཙན་དམ་ཁས་བླངས་ཏེ།།ཆོ་ག་བཞིན་དུ་ལུས་འཁོར་མཆོད།།རམ་།
384b2 ཐབས་ནི་སྣ་ཚོགས་པ།།ང་ཡི་རྒྱུད་ལས་རབ་བསྟན་པས།།བཅུ་དྲུག་ཐིག་ལེ་ངལ་སོ་ལས།།སྔགས་ཀྱི་སྙིང་པོ་བརྟག་པར་བྱ།།བླ་མ་དམ་པ་ཐུགས་རྗེ་ཆེས།།ཡང་དག་བསྟན་པ་ལ་དམིགས་པས།།བྱིན
384b3 ལོག་ཁུར་ཡོངས་འདོར་ཏེ།།རྡོ་རྗེ་འཛིན་པར་འདྲར་འགྱུར།།དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་དམ་ཚིག་དང་སྡོམ་པ་དབྱེ་བའི་ལའུ་སྟེ་བཅུ་གཉིས་པའོ།།།དེ་ནས་རོ་ལངས་ཆེན་མོ
384b4 ཡི།།སྒྲུབ་པ་ཡང་དག་བཤད་པར་བྱ།།སྒྲུབ་པོས་ལེགས་པར་ཤེས་གྱུར་ན།།དངོས་གྲུབ་ཐོབ་པར་འགྱུར་བའོ།།ནག་པོ་ཡི་ནི་ཚེས་བརྒྱད་དང་།།ཡང་ན་བཅུ་བཞི་གང་ཡང་རུང་།།ཤིང་ཅིག་དུར་ཁྲོད
384b5 མ་མོ་འམ།།ཡང་ན་མི་མེད་གྲོང་བར་དུ།།སྔོན་དུ་སྒྲུབ་པའི་བདག་ཉིད་ཅན།།ལས་ཀུན་འགྲུབ་པར་བྱེད་པ་སྒྲུབ།།མདའ་མཁན་མ་དང་སྨེ་ཤ་ཅན།།གདོལ་པ་མོ་དང་གར་མཁན་སོགས།།མདུན་གྱི
384b6 སོལ་ལྷག་ཡོད་པ།།བྱད་དང་མདང་ལྡན་ཆ་མེད་མ།།ལོ་ནི་སུམ་ཅུ་རྩ་གཉིས་བསྔགས།།ཡང་ན་ཉི་ཤུ་རྩ་ལྔའོ།།ཡང་ན་ཆུ་དང་དང་པོར་སྐྱེས།།སྦྱངས་ནས་ཤི་བ་མ་སྦགས་པ།།ཡང་དག་བླངས་ཏེ་ཕ་བོང་།
384b7 སྟེ།གཞན་ཡང་བུ་མོ་སྒྲ་བཟུང་སྟེ།།ལྷ་བཞད་དང་ནི་དབང་པོ་ལག།དཀར་པོ་དང་ནི་རིསྒྲ་དང་།།གྲུ་གནོན་ཆུ་ཡིས་བཀྲུ་བར་བྱ།།དེ་ནས་ཙནྡན་དཀར་པོ་ཡིས།།བུ་མོ་ལུས་བྱུགས་རྒྱན་དང་གོས།
iiif viewer powered by OpenSeadragon
384a - 385a