e-texts navigator
Collection
Volume
Page
Wylie

379b1 དུ་རྡོ་རྗེ་སེམས།།འཁར་བཅས་གནསུ་བྱོན་ནསུ།།རྟག་ཏུ་སྲུང་བ་ཉིད་དུ་བྱེད།།བཀའ་བཞིན་བྱེད་པས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ།།དེ་བཞིན་ནུ་གྱི་ཡེ་ཤེས་ལས།།བྱུང་བ་ཁྲོ་བོ་གཙུག་ཏཱིར་རྒྱལ།།ཞལ་གསུམ
379b2 སེར་པོ་མདངས་དང་ལྡན།།ཕྱག་དྲུག་ལྕགས་ཀྱུ་ལ་སོགས་པ།།འཛིན་ཅིང་སྦྲུལ་གྱིས་ཡང་དག་བརྒྱན།།འོག་ཏུ་བགེགས་ཀྱི་གཙོ་མནན་ནས།།གད་མོའི་སྒྲས་ནི་འདེབས་པར་བྱེད།།རལ་པའི་གཙུག་ཏོར་གྱིས
379b3 བརྒྱན་པ།།ཁྲོ་བོ་འདི་འདྲ་སྒོམ་བྱེད་པའི།།རྣལ་འབྱོར་གང་ལ་སངས་རྒྱས་ཀྱི།།སྤྲུལ་པའི་བགེགས་ཀྱང་རླག་བྱེད་ན།།གཞན་མ་རྣམས་ནི་སྨོས་ཅི་དགོས།།སྙིང་འགུགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།བྲུཾ་ལས
379b4 ཡང་ནི་བྱུང་བ་ཡི།།གཙུག་ཏོར་དམ་ཚིག་སྤྲོད་པ་ཅན།།ཞལ་གསུམ་གསེར་ཞུན་མདངས་ལྡན་པ།།ཕྱག་དྲག་ཀ་པཱ་ལ་སོགས་པ།།འཛིན་ཅིང་སྣ་ཚོགས་རབ་ཏུ་འབར།།རལ་པའི་གཙུག་ཏོར་གྱིས་བརྒྱན་པ།།ཞབས
379b5 །རྣམས་བསྒྱུར་ཞིང་རྣམ་པར་འཕེན།།སྤྲོ་དོང་བསྡུ་བའི་བློ་གྲོས་ཅན།།འདི་འདྲ་གང་ཞིག་བསྒོམ་པ་ལ།།བི་ནཱ་ཡ་ཀ་ལ་སོགས་པའི།།བགེགས་ཀྱིས་སྐབས་ནི་མི་རྙེད་ཕྱིར།།ཇི་བཞིན་རབ་ཏུ་བསྒོམ་པར་བྱ།།གཞན
379b6 གྱིས་མི་ཐུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།བྲུཾ་གྷྲི་ཡི་གེ་ལས་ཀྱང་བྱུང་།།མིང་གི་གཙུག་ཏོར་རྣམ་པར་འཟིར།།ཞལ་གསུམ་གསེར་ནི་བཅོམ་འདྲ།།ཕྱག་དྲུག་ཏྲི་ཤྲཱི་ལ་སོགས་པ།།འཛིན་ཅིང་སྲོག་སོང་སྟེང
379b7 ན་གནས།།རོལ་པའི་སྟོབས་ཀྱིས་བགེགས་མཐུ་བཅིངས།།རལ་པའི་གཙུག་ཏོར་གྱིས་བརྒྱན་པ།།སངས་རྒྱས་སྤྲིན་ནི་སྤྲོ་བའོ།།གང་ཞིག་དེ་འདྲ་སྒོམ་ཉིང་པའི།།རྣལ་འབྱོར་དེ་ཡིས་གོ་ཆ་བགོས།།སྲྀའི




iiif viewer powered by OpenSeadragon

379a - 380a

Texts on this page

N411 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po