| | e-texts navigator
|
379a1 ཟླ་གྲོས་རྟགས་པ་ཡིས།།དམ་ཚིག་བརྟན་པར་བྱ་བ་སྟེ།།རྟག་ཏུ་བརྡམ་ནིང་སྦྱིན་པར་བྱ།།དཔལ་རྡོ་རྗེ་སྣང་བ་རྒྱན་གྱི་རྒྱུད་ལས་སྤྱན་བསྲེག་གི་ལེའུ་སྟེ་བདུན་པལ།།།།དེ་ནས་གཞན།
379a2 ཡང་བཤད་བྱ་བ།།འགྲོ་བ་མི་ཤེས་མུན་བསལ་ཕྱིར།།ཡེ་ཤེས་ཉི་མ་ཤར་བ་ལས།།དགེག་བུ་མུན་པ་བསལ་ཚུལ་གསུངས།།གཤིན་རྗེག་ཤོད་ལ་སོགས་པ་ཡི།།མདོག་དང་ཕྱག་མཚན་ལ་སོགས་པ།།
379a3 དགུན་མངོན་ཏོ་རྒྱས་པ་རུ།།བྱེ་བྲག་གིས་ནི་རྒྱས་པོར་བསྟན།།དེ་ནི་ལས་ཀྱི་ཁྱད་པར་གྱི།།དབང་དུ་བྱས་པ་ཁྲོ་བཚོགས།།གཞན་དུ་མ་གསུངས་གང་ཡིན་པ།།དེ་དག་འདི་རུ་བཤད་པར་བྱ།།ཧཱུཾ་ག་ཡེ་ཤེས་ལས
379a4 བྱུང་བ།།གཙུག་ཏོར་གཟི་བརྗིད་ཕུང་པོ་སྟེ།།ཞལ་གསུམ་སེར་པོ་མདངས་དང་ལྡན།།ཕྱག་དྲུག་ཉི་མ་ལ་སོགས་པ།།འཛིན་ཅིང་སྐྱིལ་མོ་ཀྲུང་བཅས་པ།།རལ་པའི་གཙུག་ཏོར་གྱིས་རྒྱན་ཅིང་།།འཇིག་རྟེན
379a5 ཁམས་ཀུན་འཁྲུག་བྱེད་པའི།།གཟུགས་ཀྱི་སྤྲོས་པས་ན་མཁའི་གར།།རིག་མས་སྐུ་ལ་རབ་འཁྱུད་པས།།ཆགས་ཕྱིར་སྤྲོ་བའི་རྩོལ་བ་ཅན།།འདི་འདྲ་སྒོམ་པར་བྱེད་པ་ལ།།བགེགས་ཀྱིས་གནོད་པ་ཡོངས
379a6 མི་དགོས།།སྐྱོན་མེད་དེའི་ཁཱ་བའི་ཏིང་ངེ་འཛིན་ཏེ།།ཡང་ནི་བྲུཾ་གྱི་ཡེ་ཤེས་ལས།།བྱུང་བ་སྔགས་ཀྱི་འཁོར་ལོ་ཅན།།ཞལོ་གསུམ་གསེར་འདྲ་མདངས་པོ་ཆེ།།ཕྱག་དྲུག་འཁོར་ལོ་ལ་སོགས་པ།།རལ་པའི་གཙུན
379a7 ཏོར་གྱིས་བརྒྱན་པ།།འཛིན་ཅིང་སྟག་གིས་སྨད་གཡོགས་ཏེ།།ཐོད་པའི་ཕྲེང་བས་སྐུ་ལ་བརྒྱན།།རིག་མ་དང་ལྡན་ཆགས་པ་པོ།།འཇོལ་སྒེག་ཉམས་ཀྱི་སྦྱོར་བ་མཛད།།འདི་སྒོམ་སྤྲོ་བར་བྱེད་པ་ལ།།ཉིན་དང
iiif viewer powered by OpenSeadragon
378b - 379b