e-texts navigator
Collection
Volume
Page
Wylie

378b1 རིག་རྣམ་རྟོག་མ་བྱེད་ཅོག།རྣམ་རྟོག་རྨོངས་པ་ཆེན་པོ་སྟེ།།ལ་བར་བ་རྒྱ་མཚོར་ལྟུང་བྱེད་པས།།ནམཔའ་ལྟ་བུར་དྲི་མེད་པའོ།།རྣམ་པར་མི་རྟོག་ཏིད་འཛིན་གནས།།དབང་པོ་གཉིས་ནི་མཉམ་སྦྱར་ཏོ།།
378b2 ལུས་དང་ངག་དང་སེམས་བསྡུས་ནས།།ངའོ་སྙམ་པས་གཟི་བསྐྱེད་ལུས།།རྣམ་པ་ཀུན་གྱིས་རྣམ་བརྒྱན་ན།།རྣལ་འབྱོར་ལྡན་པས་ཚེ་འདི་ལ།།ཡེ་ཤེས་རྫོགས་པ་ཉིད་དུ་འགྱུར།།ལས་ལོས་བྱུང་བར
378b3 བསྟན་པ་ཡི།།སྐྱེས་པ་བུད་མེད་གཟུགས་མང་ལཾ།།མཉེས་པ་ཉིད་དུ་མི་བྱ་འདི།།རྡོ་རྗེ་ལུས་ཅན་དམ་ཚིག་ཡིན།།ངན་རྟོག་བཟང་རྟོག་དྲ་བ་ཡི།།སེམས་ཀྱིས་སེམས་ཅན་རྣམས་ལ་ནི།།སྣ་ཚོགས་གདུང
378b4 བསཾ་སུན་མི་འབྱུང་།།རྡོ་རྗེ་དང་ལྡན་དམ་ཚིག་ཡིན།།སྲོད་པས་བསྐྱེད་རྔུབ་ཕྲ་མ་ཡི།།ཚིག་དག་རྣམ་པར་མི་སྨྲ་ཞིང་།།མཉན་ན་བདེ་བ་བྱེད་པ་འདི།།རྡོ་རྗེ་དག་ཅན་དམ་ཚིག་ཡིན།།རྣམ་པར་སྣང་མཛད་ཆེན
378b5 འཁྲུག་མཆོག།ཤ་ཡཾ་ཁམས་ལ་གནས་པ་ཡིན།།རྐང་ལ་མི་འཁྲུགས་རྒྱས་པ་སྟེ།།ཁྲག་ལ་རིན་ཆེན་འབྱུང་བ་གཙོ།།སེམས་ཅན་རྣམས་ཀྱི་རུས་ཕུང་གི།རུས་གོང་ལ་ནི་འོད་དཔག་མེད།།རྩཝ་ཡི་ཚོགས་རྣམས
378b6 རྣམ་འབྲེལ་ལ།།ཐུབ་པ་སྐྱེས་མཆོག་དོན་ཡོད་ལ།།དམ་ཚིག་ཤེས་པ་རྣམས་ལ་ནི།།གསང་ཆེན་པ་ཡིས་བསྟན་པ་འདི།།བློ་ལྡན་རྡོ་རྗེ་རྣམས་ཀྱིས་ནི།།རྟག་ཏུ་བསྟེན་ཅིང་བསྒོམ་པར་བྱ།།འདོད་ཆགས་དེ་བཞིན
378b7 གཏོ་མུག་རྨོངས།།སྲེད་དོང་འདུ་བྱེད་རྣམས་སེལ་བའི།།ཆོས་ནི་རྣམ་པ་ལྔ་པོ་འདི།།ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས།།བཤང་གཅི་ཁུ་ཆུ་མཆིལ་མ་ཁྲག།འཛག་པ་འབྱུང་བ་བཞིས་བསྡུས་པ།།སྒོམ་པར




iiif viewer powered by OpenSeadragon

378a - 379a

Texts on this page

N410 - dpal rdo rje snying po rgyan gyi rgyud ces bya ba