e-texts navigator
Collection
Volume
Page
Wylie

357b1 སྙིང་ལྟེ་བ་གླསང་བ་ལ།།འགྲོ་དང་ཕྱིར་འོང་བསྟན་པ་ནི།།རྡོ་རྗེ་ཆེན་མོས་བཀའ་སྩལ་འཚལ།།ཆ་ཤེས་རྣམ་པ་དུ་ཞིག་གསུངས།།གནས་ཀྱི་རྣམ་པ་བསྐུར་བ་དུ།ཁ་དོག་ནི།
357b2 པ་དུ་ཞིག་གསུངས།།དེ་བཞིན་གདན་ཡང་ཇི་ལྟར་འཚོལ།།རྡོ་རྗེ་ཅན་གྱིས་བཀའ་སྩལ་པ།།ཆ་ཤེས་བཞི་དང་མཉམ་ལྡན་ཞིང་།།པདྨ་བཞི་ལ་ཡང་དག་གནས།།སྙིང་ཀིའི་པདྨ་ལ་གནས
357b3 གནག།ཁཱ་ཡི་པདྨ་ལ་གནས་དཀར།ང་རོ་ལྟེ་དེའི་པདྨར་གནས།།གསང་བའི་པདྨ་ང་རོ་མཐའ།།སྟབས་ཀྱི་མཐའ་རུ་འགྲོ་བྱེད་པས།།ཐིག་ལེའི་སྦྱོར་བར་རབ་ཏུ་གནས།།བསྣམ་བྱེད་པ་དང་ཐོས
357b4 བྱེད་པ།།དེ་ཚེ་མཐོང་བྱེད་ཟ་བྱེད་པ།།རེག་པར་བྱེད་ཀྱང་དེ་ཁོ་ནས།།བདེ་དང་སྡུག་བསྔལ་ཚོར་བྱེད་པའོ།།གང་ལས་གཞད་བྱེད་བཟླ་བྱེད་པ།།དེ་བཞིན་ཆོ་ངེས་དང་ངུ་བ།།འབྱེད་པ་གཅོད་པ་དེ
357b5 ཁོ་ནས།།ཆོ་ག་རྣམ་པོ་མང་པོ་ཤེས།།རྒྱལ་པོ་དོན་ཡང་བྱེད་པར་འགྱུར།།དབང་ཕྱུག་དོན་ཡང་བྱེད་པར་འགྱུར།།བྲམ་ཟེ་རྒྱལ་པོ་རྗེའུ་རིགས་དང་།།དམངས་རིགས་སྨད་པོའི་རིགས་རྣམས་དང
357b6 བུད་མེད་དུ་མ་སྤྲུལ་པར་བྱེད།།དུད་འགྲོ་ཡི་དག་སྔ་སྐྱེ་བ་དང་།།གཟུགས་ཅན་རྣམས་དང་གཟུགས་མེད་དང་།།དེ་བཞིན་འདོད་པའི་སྲིད་རྣམས་ལས།།འབྱུང་བ་ཐམས་ཅད་སྐྱེད་བྱེད་པ།།དེ་ཉིད།།
357b7 ཁོ་ན་རྫུ་འཕྲུལ་གནས།།མི་གཟུགས་དང་ནི་ཕོ་ཡི་གཟུགས།།བདེ་བ་ཆེན་པོ་གོ་འཕང་གནས།།དེ་ལྟར་དེ་བཞིན་ཉིད་ཤེས་པ།།དམ་པའི་ཡིག་འབྲུ་ཤེས་པ་གང་།།དེས་ནི་གསོང་ཆེན་ཤེས་པ་སྟེ།།




iiif viewer powered by OpenSeadragon

357a - 358a

Texts on this page

N410 - dpal rdo rje snying po rgyan gyi rgyud ces bya ba