| | e-texts navigator
|
357a1 དྲུག་གིས་མཚོན་པ་ཉིད།།ང་རོ་ཐིབི་ལེ་སཔ་རྒྱུན་བྱེད་པ།།རྡོ་རྗེ་ཁོང་ནས་ཕྱུང་ནས།།ས་བོན་སྐྱེ་གནས་དབུས་བཞག་སྟེ།།ཆོས་ཀྱི་དབྱིངས་ནི་ཞུ་བར་བྱེད།།དེ་ནི་རིམ་པར་བསྐྱེད་བྱེད་ན།།སྒོ་དགུ་ལ་ནཱི་ཀུན་ཏུ།
357a2 འགྲོ།ཁྱབ་ཅིང་ཁྱབ་དང་གནས་འགྲོ་ཀུན་ལ།།མཽ་གྲ་ཡོ་ལ་སོགས་གཡོ་དང་བཅས།།ཚངས་སོགས་ལྷ་དང་ལྷ་མིན་གྱི།གཞི་ནི་དེ་ལས་གྱུར་པའོ།།གང་ལ་གཙོ་བོར་སྐྱེས་བྱེད་ལ།།ས་དང་ནི་མཁའ་ད་ཞྀ
357a3 གསུངས།།ཇི་སྙེད་ལུས་ལ་གནས་པའི་བར།།དེ་ཡིས་ལས་དྲང་ལས་ཡིན་བྱེད།།དགེ་དང་མི་དགེ་བསམ་པ་ཡང་།།བྱ་བའི་ལས་ཀུན་བྱེད་པ་ཡིན།།སྦྱོར་བ་རྟག་ཏུ་ངོ་གསུངས་ཏེ།།མཆོད་པ་སྒོམ་པ།
357a4 གསུངས་པ་ཡིན།།གང་ཚེ་ལས་ཀྱི་ལུས་ཞིག་ན།།དེ་ཚེ་དེ་ཡི་རང་མཐུ་ཡིན།།དེ་འདྲའི་ལུསུ་དེ་འགྱུར་ཏེ།།གང་གིས་གཡོ་དང་མི་གཽ་ཡ་ཁྱབ།།ན་མཁའ་མཉམ་པ་ཉིད་འདྲ་བ།།དེ་ནི་གནས་པར་ཤྲི།།།
357a5 པར་བྱ།།བཅུ་ཡི་གཉིས་མཐའ་ཚིག་གི་དོན།།གང་གིས་རྟག་ཏུ་སྒོམ་བྱས་ན།།དེས་ནི་དངོས་གྲུབ་རྒྱས་པ་ཡི།།རྡོ་རྗེ་འཛིན་པར་བདག་ཉིད་འགྱུར།།སོ་དང་མཆུ་དང་དཀན་དང་ལྕེ།།མགུལ་གནས་གང་ལ
357a6 ཡོད་པ་ནི།།གང་ལ་དེ་ནི་ཡིག་འབྲུ་ཉིད།།དེ་ནི་ཟད་དང་གནས་ཕྱིར།།བརྗོད་པ་མེད་ཅིང་ཐེ་ཚོམ་མེད།།སྒྲ་ཡིག་རྣམ་པར་སྤངས་པ་ནི།།རང་གི་ཕྱི་ནང་དེ་བཞིན་ཉིད།།བྱང་ཆུབ་སེམས་ནི་འདིར
357a7 །གསུང་སོ།།ལྷ་མོ་བཞིས་ཡོངསུ་ཞུས་པ་ལས་ལྷ་མོ་སྤྱན་མས་ཡོངསུ་ཞུས་པའི་ལེའུ་སྟེ་དང་པོའོ།།།དེ་ནས་ལྷ་མཻ་མ་མཱ་ཀི།རྡོ་རྗེ་ཅན་ལ་འདི་ཞུས་ཏེ།།བྱང་ཆུབ་སེམས་ཀྱི་རིམ་པ་ཡིས།།ཁ
iiif viewer powered by OpenSeadragon
356b - 357b