e-texts navigator
Collection
Volume
Page
Wylie

356b1 ཤེས་རབ་ཟབ་མོ་ཟུང་མེད་ནི།།ཉོན་ཅིག་སྤྱན་མ་བཤད་པར་བྱ།།དཔྱད་དུ་མེད་ཅིང་ཤེས་བྱ་མིན།།དེ་བཞིན་དཔྱད་མཁན་གྱིས་ཤེས་དཀའ།།སངས་རྒྱས་ཀུན་གྱིས་གསང
356b2 རྨི།ནམཁའ་ན་མཁའི་སྤྱོད་ཡུའོ།།མི་ཤེས་མུན་པས་བསྒྲིབས་པས་ན།།ཉན་ཐོས་རྣམས་ཀྱིས་ཤེས་པ་མིན།།སྤྱོད་ཡུལ་བའི་ཆགས་ཤེས་མཁན་ནི།།རང་སངས་རྒྱ་སུ་སྤྲུལ་སྟེ།།དེ་དག་ཀུ་ནི།
356b3 གྱིས་ཀྱདྨ་མི་ཤཾས།།ས་མེད་ས་སོའི་སྐྱེ་གནས་དག།མེ་ལྟོས་པ་དང་འདུས་པ་དང་།།ད་ལྟར་བྱུང་བའི་དུས་གསུམ་ལ།།ཁྱིམ་སོང་དག་ཆགས་ལས་བྱུང་བའི།།ད་ཧཱུ~ཾ་ཡི་དགས་སྐྱེ
356b4 དེ་ཀུན་གྱིས་ཀྱང་མི་ཤེས་ཏེ།།སངས་རྒྱས་སྤྱོད་ཡུལ་གསང་ཆེན།།སྙིང་པོ་ཤིན་ཏུ་སྙིང་ངོའི་མཆོག།།གང་དེ་ཀུན་བདག་ལ་གནས་པའི།།སངས་རྒྱས་ཀུན་གྱིས་གླསང་ཆེན་ནི།།ལྷ་མོ་ཁྱོད་ལ
356b5 བཤད་པར་བྱ།།བྱང་ཆུབ་སེམས་དཔའོད་གོསལ་བ།།ཟླ་བ་ཤེལ་དང་མཉམ་པའི་འདྲ།།དེ་ཉིད་ཡེ་ཤེས་ལྔ་ཡི་དངོས།།ཡུངས་ཀར་ཆེ་བའི་ཚད་ཙམོ།།དེ་ཡི་དབུས་བཞུགས་པའི་ལྷ།།མི
356b6 གསལ་གསལ་པོའི་གཟུགས་ཅན་ཏེ།།ཕྱེད་ཚད་ཙམ་གྱི་ཕྲ་མོའི་མཆོག།ཡིད་ཀྱི་དངོས་པོའི་ཐིག་ལེའི་གཟུགས།།རྟག་ཏུ་སྙིང་གི་དབུས་གནས་པ།།འོད་ཟེར་ཆེན་པོའི་བར་བཅན།
356b7 སྙིང་དགུ་པའི་བར་དུ་ནི།།དཔྲལ་བ་ལ་གནས་རྐང་མཐིལ་བར།།ཐིག་ལེ་ཁོ་ནར་བསྡུས་ཏེ།།ལྟེ་བའི་དབུསུ་རྣམ་པར་གནས།།ཚེ་ཤེས་ལྔ་པ་ཅན་ཡིན་ཏེ།།བཅུ་གཉིས་ཀྱི་ནི་ཐ་མ་ལ།།ཆ་ཤས




iiif viewer powered by OpenSeadragon

356a - 357a

Texts on this page

N410 - dpal rdo rje snying po rgyan gyi rgyud ces bya ba