e-texts navigator
Collection
Volume
Page
Wylie

356a1 དེར་བི་ཏི་པཱ་རི་བྲྀཙྪ།བོད་སྐད་དུ།ལྷ་མོ་བཞེས་ཡོངསུ་ཞུས་པ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།།ལྷ་མོ་བཞི་དང་མཉམ་ལྡན་ཞིང་།།སངས་རྒྱས་གཟུགས་ཀྱིས་ཉེར་རྒྱན་པ།།ཤིན་ཏུ
356a2 དགའ་བའི་སྦྱོར་ཆེན་ལ།།རྡོ་རྗེ་སེམས་དཔའ་ཆར་བཞུགསོ།།འོད་ཟེར་འཆང་ཞིང་འཁྲིགས་པ་ཡི།།གསང་ཆེན་ཆོས་ཀྱི་འབྱུང་གནས་ལ།།བྱང་ཆུབ་སེམས་ནི་འཕྲོས་ན་སུ།།ཆོས་ཀྱི་དབྱིངས་གམ
356a3 ཞུ་བ་མཛད།།ཞུ་བའི་དངོས་པོ་དེ་མཐོང་ནས།།ལྷ་མོ་སྤྱན་མས་ཡོངས་ཞུས་པ།།བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།།ཚིག་འདི་དག་ནི་གསོལ་བ་སྟེ།།ཆོས་ཀྱི་དབྱིངས་རྣམས་འཕྲོ་བོ་ནི།།གང
356a4 ལས་སྐྱེ་བར་འགྱུར་བ་ལགས།།དང་པོ་ཇི་ལྟར་འོང་བ་ཡི་ནོ།།དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལགས།།ཡན་ལག་མེད་པ་གང་དེ་ནི།།ཡན་ལག་དང་བཅས་འགྱུར་ནསུ།།ལུས་དངོས་འགྱུར་བ་ཇི་ལྟར་ལག།།།
356a5 མིག་དོང་རྣ་བ་སྣ་དང་ནི།།དེ་བཞིན་ལྕེ་དང་ལུས་དང་ཡིད།།དབང་པོ་ཕུང་པོའི་དངོས་རྣམས་དང་།།ཁམས་རྣམསུ་ནི་འཇུག་པ་ཡང་།།མ་རིག་བག་ཆགས་སྲེད་པ་ཡིས།།བཅིངས་པའི་ཉོན་མོངས
356a6 འདོད་ཆགས་སོགས།།རྣམ་པར་ཤེས་པ་སྣ་ཚོགས་པ།།ཇི་ལྟར་དངོས་འདུས་པ་ལགས།།དངོས་པོ་མེད་པ་སྒོམ་པའི་གཟུགས།།གཟུགས་སོགས་སྤྱོད་ཡུལ་མཚན་ཉིད་རྣམས།།རང་བཞིན་མེད་ནཱི།།
356a7 དམིགས་མེད་ལ།།དམིགས་པ་དང་བཅས་ཇི་ལྟར་ལགས།།དེ་དག་ངོ་མཚར་ཆེན་པོ་ནི།།བདག་གི་ཐེ་ཚོམ་ལྷས་བཀའ་སྩོལ།།དེ་ལྟར་ཞུས་མ་ཐག་ཏུ་ནི།།བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུང།།




iiif viewer powered by OpenSeadragon

355b - 356b

Texts on this page

N410 - dpal rdo rje snying po rgyan gyi rgyud ces bya ba