e-texts navigator
Collection
Volume
Page
Wylie

355b1 ཀྱིས་གསོལ་པ།དོན་དམ་པའི་བདེན་པཱ་ལཱ་རབ་གླནས་པའི་རྣལ་འབྱོར་ཆེན་པོས་བུས་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་འཛིན་ལ་བརྟེན་ནས་སེམས་ཅན་གྱི་དོན་ཇི་ལྟར་རབ།།
355b2 ཏུ་སྤྱོད་པར་བགྱིད།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཇི་སྲིད་དུ་ཞི་བ་ལ་སོགས་པའི་ལས་ཀྱིས་སེམས་ཅན་གྱི་དོན་མི་བྱེད་པ་དེ་སྲིད་དུ་ཡང་དག་པའི་མཐའ་ལ་རབ་ཏུ་གནས་པར་འགྱུར།།གང་།
355b3 དུ་སེམས་ཅན་གྱི་དོན་བྱ་བར་མཐོང་བ་དེའི་ཚེ་བདག་བྱིན་གྱིས་བརླབས་པའི་རིམ་པས་ཡང་དག་པར་མཐའ་ལས་ལངས་ཏེ་སེམས་ཅན་གྱི་དོན་བྱས་ནས་ཡང་དག་པའི་མཐའ་ཉིད་དུ་འཇུག་པར་བྱའོ།།།
355b4 དེ་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དགའ་ཞིང་མགུལ་ཡི་རངས་ཏེ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཅང་མི་སྨྲ་བར་གྱུར་ཏོ།།ཡེས་རྡོ་རྗེ་ཀུན་ལས་འཏུས་པ་ཞེས
355b5 བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་བདེ་བ་ཆེན་པོའི་ལེའུ་སྟེ་རིམ་པར་ཕྱེ་བ་གཉིས་པའོ་རྫོགསོ།།།།རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཀ་རའི་ཞལ་སྔ་ནས་དང་།ཞུ་ཆེན་གྱི་ལོ་ཙྪ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར།
355b6 སླད་ནས་བླ་མ་དེ་ཉིད་དང་།དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཞུས་ཤིང་གཏན་ལ་ཕབ་པའོ།།ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས།།རྣལ་འབྱོར་ཆེན་པོའི་གསལ་བྱེད་ཡིན།།ཡིས་རང་བཞིན་འཁོར་བར
355b7 མྱ་ངན་འདས་པའི་ངོ་ལ།།དེ་གཉིས་དབྱེར་མེད་རྡོ་རྗེ་སྟེ།།ཀུན་འདིར་འདུས་པས་ཀུན་ལས་བཏུས།།དེ་སྟོན་པ་ལ་དེར་བརྟགས་ནས།།གཞུང་ལའང་མིང་དོན་འཚམ་པ་ཡིན།།རྒྱ་གར་སྐད་དུ།ཙ་ཏུར།




iiif viewer powered by OpenSeadragon

355a - 356a

Texts on this page

N410 - dpal rdo rje snying po rgyan gyi rgyud ces bya ba