e-texts navigator
Collection
Volume
Page
Wylie

353a1 གསོལ་པ།བཅོམ་ལྡན་འདས་རྒྱུན་རྣམ་པ་བདུན་ཇི་ལྟར་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།བློང་བསླང་བ་རྣམ་པ་ལྔ་དང་།མཐའ་དྲུག་གི་བཤད་པ་དང་།རིགས་པ་རྣམ་པ་བཞི་དང་།
353a2 བཤད་པ་རྣམ་པ་བཞི་དང་།དབྱེ་བ་རྣམ་པ་གཉིས་དང་།གང་ཟག་རྣམ་པ་ལྔའི་སློབ་མ་བརྟག་པ་དང་།བདེན་པ་རྣམ་པ་གཉིས་ཀྱི་དགོངས་པ་རྣམསོ།།གླེང་བསླང་བ་རྣམ་པ་ལྔནི་འདི་ལྟ་སྟེ།མིང
353a3 དང་།གང་གི་དོན་དུ་བྱས་པ་དང་།བྱེད་པ་པོ་དང་།ཆང་དང་།དགོས་པ་རྣམ་སོ།།མཐའ་དྲུག་དུ་བཤད་པ་ནི་འདི་ལྟ་སྟེ།དགོངས་པས་བཤད་པ་དང་།དགོངས་པ་མ་ཡིན་པས་བཤད་པ་དང་།།
353a4 དྲང་བའི་དོན་དང་།ངེས་པོའི་དོན་དང་།སྒྲ་ཇི་བཞིན་པ་དང་།སྒྲ་ཇི་བཞིན་པ་མ་ཡིན་པ་རྣམ་སོ།།རིགས་པ་རྣམ་པ་བཞིནི་རྒྱུད་དང་།གླེང་བཞི་དང་།ངེས་ཚིག་དང་།རྒྱུ་རྣམ་སོ།།བཤད་པ་རྣམ་པ་བཞི་ནི།
353a5 ཡི་གེའི་དོན་དང་།སྤྱིའི་དོན་དང་།སྦས་པ་དང་།མཐར་ཐུག་པ་རྣམ་སོ།།དབྱེ་བ་རྣམ་པ་གཉིས་ནི་འདི་ལྟ་སྟེ།ཚོགས་ལ་བཤོད་པ་དང་།སློབ་མ་ལ་བཤད་པའོ།།གང་ཟག་རྣམ་པ་ལྔའི་སློབ་མ
353a6 བརྟག་པ་ན་འདི་ལྟ་སྟེ།རིན་པོ་ཆེ་དང་།ནྡན་དང་།པདྨ་དང་།པདྨ་དཀར་པོ་དང་།ུད་པཱ་ལ་རྣམསོ།།བདེན་པ་རྣམ་པ་གཉིས་ཀྱི་དགོངས་པ་ནི་འདི་ལྟ་སྟེ།ཀུན་རྫོབ་ཀྱི་བདེན་པ་དང་།དེནི་དམ་པའི
353a7 བདེན་པའོ།།རིགས་ཀྱི་བུ་ཀུན་རྫོབ་ནི་མི་བརྟན་པ་དང་གཡོ་བའོ།།དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ།།དོན་དམ་པའི་བདེན་པ་ནི་སྟོང་པ་ཆེན་པོ་བཅོ་བརྒྱདདོ།།དེའི་མཐའ་ནི་གནསོ།།བྱང་ཆུབ་ས་དེའི་རྣམས




iiif viewer powered by OpenSeadragon

352b - 353b

Texts on this page

N410 - dpal rdo rje snying po rgyan gyi rgyud ces bya ba