e-texts navigator
Collection
Volume
Page
Wylie

351b1 །།བཤད་པ་ཇི་ལྟར་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དགོངས་པས་བཤད་པ་དང་།དགོངས་པ་མ་ཡིན་པས་བཤད་པ་དང་།དྲང་བའི་དོན་དང་།ངེས་བྱའི་དྲན
351b2 དང་སྒྲ་ཇི་བཞིན་པ་དང་།སྒྲ་ཇི་བཞིན་པ་མ་ཡིན་པ་རྣམས།།བྱམས་པས་གསོལ་པ་བཅོམ་ལྡན་འདས་ཐུགས་བརྩེརྗེ་བ་ཉེ་བར་བཞག་སྟེ་ཚིག་རེ་རེའི་བཤད་པ་བཀའ་སྩལ་དུ་གསོལ།བཅྡོཾས་ཀྱིས
351b3 བཀའ་སྩལ་པ།གང་མཐར་ཐུག་པ་བཤད་པ་དེ་ཉིད་དགོངས་པས་བཤད་པ་སྟེ།འདི་ལྟ་སྟེ།འདོད་ཆགས་མ་ཡིན་པ་དང་།འདོད་ཆགས་དང་བྲལ་བ་མ་ཡིན་པ་དང་།བར་མེ་ཉེ་བར་མི་དམིགས
351b4 པཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དགོངས་པས་བཤད་པའོ།།ལུས་དང་ངག་དང་ཡིད་མེད་པ་དང་།བདག་མེད་པ་དང་།ཐཾད་སྟོང་པོ་དང་།དག་པ་དང་འོད་གསལ་བ་ཞེས་བྱ་བ་ལ་སྩོས
351b5 པབརྡོ་རྗེའི་ཚིག་ནི་དགོངས་པ་མི་ཡིན་པས་བཤད་པའོ།།ག་པུར་དང་།།ཁྲག་ཆེན་པོ་དང་།ཙན་དན་དམར་པོ་དང་།རྡོ་རྗེ་དང་།པདྨ་དང་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དྲང་བའི་དོན
351b6 སྟེ།ག་པཱུར་ནི་ཁུ་བ་དང་།ཁྲག་ཆེན་པོ་ནི་ཟླ་མཚན་གྱི་ཁྲག་དང་།ཛྙཱན་དམར་པོའི་ཁུ་བ་དང་བསྲེས་པ་ནི་ཙཱན་དམར་པོའོ།།རྡོ་རྗེ་ནི་མཚནོ་མ་སྟེ་ཐབ་སོ།།པདྨ་ནི་བྷ་གཱ་སྟེ་ཤེས་རབ་དང་།ཕྱག་རྒྱ་དང་།
351b7 བཙུན་མོ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་ངེས་པའི་དོན་ཏོ།།གཉི་ག་དང་།སྤྱོད་པ་དང་།བྱ་བའི་རྒྱུད་རྣམསུ་དོན་གསལ་བར་གསུངས་པ་འདི་ལྟ་སྟེ།དཀྱིལ་འཁོར་དང་།མཆོད་སྐྱོན་དེ་།




iiif viewer powered by OpenSeadragon

351a - 352a

Texts on this page

N410 - dpal rdo rje snying po rgyan gyi rgyud ces bya ba