| | e-texts navigator
|
344a1 དང་འདིར་སྦྱོར་བ།སྐད་ཅིག་གིས་ཀྱང་དེ་འགྲུབ་འགྱུར།།བསྙེན་པའི་དམ་ཚིག་སྦྱོར་གཅིག་དང་།།ཉེ་བར་བསྒྲུབ་པར་གང་གྱུར་དང་།།སྒྲུབ་པའི་དམ་ཚིག་ཉིད་དང་ནི།།སྒྲུབ་པ་ཆེན་པོ་བཞི་པ་ཡིན།།
344a2 ལ་ཡང་དོག་འཇུག་འགྱུར་བ།།ཇི་ལྟ་ཇི་ལྟར་འཇིག་རྟེན་སོགས།།ས་དང་ཤིང་གི་རིན་ཆེན་སོགས།།ལྷ་ཉིད་དུ་ནི་རབ་ཏུ་བརྟག།ཆོས་ཀྱི་དབྱེ་བས་ཤེས་པར་བྱ།།རྡོ་རྗེ་ཡེ་ཤེས་སྒྲུབ་པ་པོ།།བསྙེན
344a3 པའི་དམ་ཚིག་ཡང་དག་སྦྱོར།།བྱང་ཆུབ་མཆོག་ནི་རྣམ་པར་བསྒོམ།།གཟུགས་དང་སྒྲ་དང་དེ་བཞིན་གྲི།།རོ་དང་རེག་བྱ་ཆོས་རྣམས་ལ།།དངོས་གྲུབ་མཆོག་ནི་རྣམ་དབྱེད་པ།།དེ་ནི་ཉེ་བར་སྒྲུབ་པར
344a4 འགྱུར།།སྔགས་བདག་གོང་ཡིན་བསྒོམས་ནས་ནི།།བསྐུལ་བསྒྲུབ་པར་འགྱུར་བ་ཡིན།།རང་སྔགས་རྡོ་རྗེ་ཅན་གྱི་གཟུགས།།དེ་ནི་སྒྲུབ་པ་ཆེན་པོར་འདོད།།བསྙེན་པ་རྡོ་རྗེ་བདུད་རྩི་དག།སྡུག
344a5 པས་ཀུན་ཏུ་བརྟག་པར་བྱ།།དངོས་གྲུབ་འདོད་པས་གནས་པ་ནི།།དབུ་རྒྱན་ལ་ནི་མཆོག་གང་བསམ།།འདྲི་ནི་སྔགས་རྣམས་ཐམས་ཅད་ཀྱི།།དེ་ཉིད་གསུམ་གཱསང་ཡང་དགེ་འབྱུང་།།སྔགས
344a6 ཀྱི་དེ་ཉིད་དོན་གཉེར་བའོ།།སྒྲུབ་པ་པོས་ནི་དབེན་པ་བསྟེན།།སྣ་ཚོག་སྡེ་ལུང་གི་ཡང་དག་རྟོག།སྔགས་ནི་དགོན་པ་ཆེན་པོར་འདོད།།དེ་ཡི་དཔག་བསམྱ་ཤིང་ལོང་སྤྱོད།།ས་ཕྱོགས་ཞེས
344a7 ནི་ཡོངསུ་བསྒྲགས།།མཁའི་དང་མཉམ་པའི་སྦྱོར་བ་ནི།།རྣམ་པའི་དབེན་པ་ཆེན་པོར་བཤད།།རི་འོར་རྫོགས་པའི་སངས་རྒྱས་དང་།།དེ་རིགས་དངོས་མེད་ལས་བྱུང་བའོ།།དེ་འདྲིལ
iiif viewer powered by OpenSeadragon
343b - 344b