e-texts navigator
Collection
Volume
Page
Wylie

342b1 སླར་ཡང་ཞུས།།གང་ཞིག་སྤྱི་བོར་བརྟགས་པ་ནི།།གཅིག་པུ་ཉིད་དུ་གྱུར་པ་དེས།།རི་རབ་སུམ་ཅུ་རྩ་དྲུག་དུ།།མུ་སྟེགས་རྣམས་ཀྱི་ས་འཚལྔ་མི་འགྱུར།།རང་གི
342b2 བསྟན་བཅོས་བརྡའ་ཡིས་ནི།།ཕྱི་རོལ་པ་དེ་རྣམ་རྟག་ལོ།།ཏིང་འཛིན་བརྟགས་པ་འདི་དག་ཀྱང་།།འདི་ལ་རང་གི་ངོ་བོ་མེད།།ཚངས་སྒོ་མཛོད་ཀྱི་རྒྱུད་ལ་ནི།།རི་རབ་གཅིག་དང་བཅས་པར
342b3 བཤད།།བྱིས་པ་མཆོག་ནི་རྨོངས་བྱེད་པ།།གསུང་འདི་སྐྱེ་བོ་ལྟུང་བར་འགྱུར།།དེ་ནས་བཅོམ་ལྡན་བདག་པོ་འདིས།།རྡོ་རྗེ་ཅན་ལ་སླར་གསུངས་པ།།ལེགསོ་རྡོ་རྗེ་ལེགས་པ་ཆེ།།སྐྱེས་པ
342b4 དམ་པ་ཁྱོད་ལེགས་པ།།རྐྱེན་དང་ཉན་ཐོས་ཐེག་པ་དང་།།འདིར་ནི་ང་ཡིས་གསལ་བཤད་པ།།སངས་རྒྱས་ཀྱིས་བཤད་ཡེ་ཤེས་དག།ཐེག་པ་ཆེན་པོ་མི་མཐོང་།།ཚད་ཡོད་དང་ནི་ཡོངས
342b5 ཆད་པའོ།།རང་གི་ལུས་ལ་གང་བ་ཤད།།ཡེ་ཤེས་དེ་རྣམས་དྲི་མེད་འདོད།།ཁྲོན་པའི་རུས་སྦལ་ཞེས་བྱའོ།།ན་མཁའ་དྲང་ནི་མཉམ་ཡེ་ཤེས།།རྡོ་རྗེ་ཐེག་པ་ཟླ་མེད་པ།།མཆོག་སྦྱིན་པ
342b6 ནི་ཁྱེད་བཞིན་དུ།།རྒྱ་ཆེན་དེ་ཡིས་མི་མཐོང་།།རྡོ་རྗེ་ཐེག་པ་རྒྱ་མཚོ་སྟེ།།དེ་ཡིས་ཡང་དག་མ་མཐོང་བས།།རང་གི་ལུང་ནི་ཚད་མ་ཡིས།།གཞན་ཡོད་པ་ནི་མིན་ཞེས་སྒྲ།ཐེག་པ་ཚོན་ལ
342b7 གསང་བ་རྣམས།།སྲང་ལ་བཙལ་ཏེ་དེ་སྨྲ་བ།།དེ་རྣམས་སྔོན་བཞིན་གསལ་མིན་ཞེས།།ང་ཡི་ཚིག་ལས་བལྟས་ཏེ་སྒྲ།།དེ་ཉིད་རྗེས་སུ་གཟུང་བའི་ཕྱིར།།རྫོགས་སངས་རྒྱས་ལ་སྒོམ




iiif viewer powered by OpenSeadragon

342a - 343a

Texts on this page

N408 - ye shes rdo rje kun las btus pa zhes bya ba'i rgyud