e-texts navigator
Collection
Volume
Page
Wylie

342a1 གཅིག་ཏུ་ལེགས་སྦྱོར་ལས།།མངོན་ཤེས་ལྔ་དག་ཐོབ་པར་འགྱུར།།དབང་པོ་གཉིས་ནི་རྟ་ཤ་སྟེ།།དངོས་མེད་དེ་ཉིད་ལས་སྦྱོར་ལས།།དམ་ཚིག་གཅིག་ཏུ་ལོགས་སྦྱོར་ན།།མི་སྣང་གནས་ཀྱི་མཆོག
342a2 ཏུ་འགྱུར།།དགོངས་པོས་གཅིག་ཤོས་བཟློག་པ་ཡིན།།ཕུང་སོགས་ཡན་ལག་གང་གྱུར་པ།།དངོས་མེད་དེ་ནི་ཁྱི་ཤ་ཡིན།།དམ་ཚིག་གཅིག་ཏུ་ཡང་དག་སྦྱོར།།དངོས་གྲུབ་ཐམས་ཅད་རབ་སྒྲུབ
342a3 པའོ།།རྫོགས་སངས་རྒྱས་ཅན་བ་ལང་ཤ།ཁྲོ་བོའི་རྒྱལ་པོ་འགྲུབ་པར་འགྱུར།།དམ་ཚིག་གཅིག་ཏུ་ཡང་དག་སྦྱོར།།རྡོ་རྗེ་དགུག་པའི་དམ་པའོ།།འདི་ནི་འཇིག་རྟེན་པར་གྱུར་ལས།།དགོངས་པོས།
342a4 གཅིག་ཤོས་བཟློག་པོ་ཡིས།།ཤ་ཆེན་དང་ནི་བཤད་གཅི་དང་།།གླང་པོ་རྟ་ཁྱི་བ་ལང་དག།མི་རྟོག་གཅིག་པའི་སྒྲུབ་པ་ཡིས།།དམ་ཚིག་གཅིག་ཏུ་ད་འགྲུབ་འགྱུར།།བསྟན་པས་འདི་ནི་སྒྲུབ།
342a5 པ་ནི།།སྔགས་ཀྱི་ལོངས་སྤྱོད་རྣལ་འབྱོར་པ།།རྡོ་རྗེ་སྦྱོར་བའི་གས་དེ་བ་ཡིས།།སྒྲུབ་པ་འདི་དང་ལྡན་པར་འགྱུར།།དེ་ནི་སངས་རྒྱས་བྱིན་རློབ་ཅིང་།།རྣམ་ཀུན་རྡོ་རྗེ་ཅན་གསུམ་དང་།།སྙིང་ཀཻར
342a6 ཡེ་ཤེས་དམ་ཚིག་དང་།།དབུ་རྒྱན་ལ་ནི་རྡོ་རྗེ་འཛིན།།སངས་རྒྱས་ཐམས་ཅད་ཚིམ་འགྱུར་བའི།།འདི་ནི་དམ་ཚིག་སྡོམ་པའོ།།དངོས་གྲུབ་ཐམས་ཅད་སྟེར་བའི་མཆོག།དམ་ཚིག་མཆོག
342a7 འདིས་རབ་ཏུ་བྱ།།དམ་ཚིག་ཀུན་གྱི་དམ་པ་སྟེ།།རྡོ་རྗེ་ཟས་ཀྱི་ཏིང་འཛིན།།དེ་ནས་འགྲོ་ལ་ཕན་པའི་མགོན།།གཙོ་བོ་རྣམ་སྣང་ཆེན་པོ་ལ།།གསང་བའི་དགོངས་པ་དམ་པ་ནི།།རྡོ་རྗེ་འཛིན་པས




iiif viewer powered by OpenSeadragon

341b - 342b

Texts on this page

N408 - ye shes rdo rje kun las btus pa zhes bya ba'i rgyud