e-texts navigator
Collection
Volume
Page
Wylie

341b1 །ལྷ་རྣམས་དགོད།།དེ་ནི་དེ་མ་ཟག་ཏུ་ཡང་།།དངོས་གྲུབ་ཀུན་སྦྱོར་ལྔས་པྱོད་འགྱུར།།སྐུ་དང་གསུང་ཐུགས་ཐམས་ཅད་ནི།།མཚན་ཉིད་གཅིག་པར་བསྒོམ་པར་བྱ།།
341b2 ལྕེ་ཡི་རྡོ་རྗེ་སྦྱོར་བ་ཡིས།།གསུང་གི་རྡོ་རྗེར་དེ་མཉམ་སྒོམ།།བརྟུལ་ཞུགས་ཅན་གྱིས་ཕྱི་ནང་གཉིས།།གསང་བའི་རྡོ་རྗེ་མཆོག་མཆོད།།དངོས་མེད་དམ་ཚིག་སྦྱོར་བ་ཡིས།།ཇི་ལྟ་ཇི་ལྟར།
341b3 རབ་སྒྲུབ་པ།།དམ་ཚིག་གསུམ་གྱི་རྣལ་འབྱོར་པའི།།དེ་ནི་ཡང་དག་ཡིན་པར་བཤད།།གསང་བའི་སྙིང་པོ་བསྡུས་པ་ཡི།།དངོས་གྲུབ་ཀུན་གྱི་མཆོག་ཏུ་འདོད།།བཅོམ་ལྡན་དམ་ཚིག་ཚེན
341b4 པོ་ཡི།།རྣལ་འབྱོར་པས་ནི་དེ་སྐད་གསུངས།།དེ་ནས་ཕྱག་ན་རྡོ་རྗེ་ནི།།གོ་བྱེད་གསང་བ་ཡང་དག་གསུངས།།གང་ཞིག་ཤེས་ན་རྣལ་འབྱོར་པའི།།མཉམ་བཞག་མཆོག་ནི་ཐོབ་འགྱུར་ནི།།
341b5 གསྡང་དབང་དེ་ཉིད་དམ་པ་ཡི།།དེ་ནི་དྲི་ཡིས་ཡང་དག་བཤད།།རྣལ་འབྱོར་ཆེན་པོ་གཅིག་བདག་ཉིད།།ན་མཁའ་དང་ནི་མཉམ་པའི་གནས།།བྱས་ན་དམ་ཚིག་ཡང་དག་པ།།ཤ་ཆེན
341b6 ལྔ་ནི་ཡང་དག་སྦྱར།།དངོས་མེད་པ་ཡི་ཤ་ཆེན་གྱི།།དམ་ཚིག་མཆོག་ལོ་གནས་ནསྔ་ནི།།བློ་ལྡན་བདག་ཉིད་སྒོམ་པ་ནི།།རྡོ་རྗེ་དངོས་གྲུབ་ལོང་སྤྱོད་སྟེར།།རྫོགས་ལོང་སྤྱོད་ཡུལ་བཤང་བ
341b7 ཡིན།།དེ་ཉིད་ཡེ་ཤེས་དབང་པོ་གཅི།།དམ་ཚིག་འདི་དག་ཉིད་ཀྱིས་ནི།།རིག་པ་འཛིན་པའི་གཙོ་བོར་འགྱུར།།ལོང་སྤྱོད་རྫོགས་ཕུང་ལས་བྱུང་པོ།།གླང་པོའི་ཤའ་ནི་དེ་རབ་བརྟག།དམ་ཚིག




iiif viewer powered by OpenSeadragon

341a - 342a

Texts on this page

N408 - ye shes rdo rje kun las btus pa zhes bya ba'i rgyud