e-texts navigator
Collection
Volume
Page
Wylie

341a1 མཚན་མ་རྐྱེན་གྱི་གཟུགས་ཅནོ།།འབྱོན་དང་རྔུབ་པ་ཉིད་དང་ནི།།གནས་པ་ཡིས་ནི་ཉོར་མཛེས་པ།།ཡོད་སྟོན་པ་ཡི་མཉམ་སྦྱོར་ལ།།རར་ཏུ་ཞི་བའི་ཞི་གནས།།དུས་གསུམ་རྟོག་པ་གཅིག་ལས
341a2 འདས།།རྡོ་རྗེ་ལྕགས་ཀྱུ་ཁྱད་པར་དང་།།སྒྲུབ་པ་པོ་ནི་རྟག་ཏུ་སྒྲུབ།།སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་ནི།སྦྱོར་གསུམ་རྡོ་རྗེ་ཅནཱ་བསམས་པ།།སྐུ་གསུང་ཐུགས་ཀྱི་ལྕགས་ཀྱུའོ།།སངས་རྒྱས་ཡེ་ཤེས
341a3 བློ་ཅན་གྱི།།མི་གསལ་གསོལ་བར་ཡང་དག་ལྡན།།དེ་བཞིན་ཉིད་ཀྱི་བ་ལས།།འབྲུ་བ་ཐམས་ཅད་དགུག་པར་བྱ།།རླུང་གི་དཀྱིལ་འཁོར་མ་ཆོག་གནས་པ།།སངས་རྒྱས་དགུག་པ་དམ་པ་ཡིན
341a4 གནས་མེད་གནས་པའི་སྦྱོར་བ་ཡིས།།དེ་ཉིད་སྔགས་དོན་རྣལ་འབྱོར་པས།།འགྲོ་བ་འདོད་པའི་ལོངས་སྤྱོད་ཀྱང་།།མི་གསལ་སྦྱོར་བས་སྦྱོར་བར་བྱེད།།གང་ཡང་དམ་ཚིག་ཕྱོགས་རྣམས་ནི།
341a5 མཁའ་དབྱིངས་དབྱེ་བས་གནས་པ་རྣམས།།དེ་ཉིད་རྡོ་རྗེ་བཀུག་ནས་ནི།།སྔགས་རིག་པས་ནི་སྤྱད་པར་བྱ།།ན་མཁའི་ཁམས་ནི་དགུག་པ་འདི།།དམོ་ཚིག་ཆེན་པོ་རྡོ་རྗེ་ཅན།།སྔགས་ཀྱིས་དེ་ཉིད།།
341a6 གཅིག་སྦྱོར་ལས།།ལྕགས་ཀྱུ་དེ་རྣམས་འགྲུབ་པར་འགྱུར།།དམ་ཚིག་རྣམས་ནི་དགུག་པའི་མཆོག།རྒྱལ་གནས་ལྕགས་ཀྱུ་བསམས་ནས་ནི།།རྣམ་པར་སྣང་མཛད་འཁོར་ལོ་ཆེ།།རྡོ་རྗེ་པདྨ
341a7 ལ་སོགསོ་བྱ།།མེ་ལོང་ལྟ་བུའི་སྔགས་པས་ནི།།སངས་རྒྱས་སྐུ་ནི་རྣམ་པར་སྒོམ།།ལག་ཏུ་སྐུ་དང་གསུང་ཤུན་ཀྱི།།ལྕགས་ཀྱུ་ལ་སོགས་རབ་ཏུ་སྒོམ།།དེ་ནི་སྦྱོར་བ་འདི་ཉིད་ཀྱིས།།དེ་ཉིད་ལས་ནི




iiif viewer powered by OpenSeadragon

340b - 341b

Texts on this page

N408 - ye shes rdo rje kun las btus pa zhes bya ba'i rgyud