e-texts navigator
Collection
Volume
Page
Wylie

340b1 ལག་ཏུ་ལེགས་བཞག་ན།།རིན་ཆེན་རིག་པ་འཛིན་པར་འགྱུར།།རིན་ཆེན་མཆོག་གོ་སྒྲུབ་པ་འདི།།རློན་ཚོན་སྐུ་ཡི་སྦྱོར་བ་ལྔས།།རིན་ཆེན་རིགས་ཀྱི་མཆོག་སྒོམ་ད།
340b2 རྡོ་རྗེ་དག་གིས་བྱ།།ན་མཁའི་དབྱིངས་ཀྱི་དབུས་གནས་པར།།ཚེ་དཔག་མེད་པ་རབ་བསྒོམས་ལ།།ལག་ཏུ་པདྨ་བསྒོམས་ན་ནི།།པདྨའི་རིགས་པ་འཛིན་པར་འགྱུར།།པདྨ་མརྒྷོ་གི་སྒྲུབ་པ་འདི།།
340b3 པདྨའི་སྐུར་ནི་སྦྱོར་བ་ལས།།པོདྨོའི་རིགས་ཆེན་བསྒོམས་པ་ནི།།ཡེ་ཤེས་རྡོ་རྗེ་དག་གཱིས་བྱ།།ན་མཁའི་དབྱིངས་ཀྱི་དབུས་གནས་པར།།དོན་ཡོད་མཆོག་ནི་རབ་བསྒོམས་ལ།།ལོག་ཏུ་རལ
340b4 བྲི་རབ་བསྒོམས་ན།།རལ་གྲིའི་རིག་པ་འཛིན་པར་འགྱུར།།དམ་ཚིག་མཆོག་ནི་འདི་སྒྲུབ་པ།།སྐུ་ཡི་དམ་ཚིག་སྦྱོར་བ་ལས།།དམ་ཚིག་རྡོ་རྗེ་རིགས་བསྒོམས་པ།།ཡེ་ཤེས་རྡོ་རྗེ་དང
340b5 གིས་བྱ།།བསྒྲུབ་བྱ་རྡོ་རྗེའི་དབྱེ་བ་ཡིས།།མདུང་ཐུང་རྡོ་རྗེ་ལྕགས་ཀྱུ་སོགས།།སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ཡིས།།བསོམ་གཏན་ཉིད་ཀྱིས་སྒྲུབ་པར་འགྱུར།།དམ་ཚིག་ཆེན་པོ་འབྱུང་བ་ཡི།།
340b6 དམ་ཚིག་དངོས་གྲུབ་ཅེས་བྱ་བའི།།མི་ཕྱེད་རྡོ་རྗེ་གསུམ་དབང་ཕྱུག།སྣ་ཚོགས་བཅོམ་ལྡན་འདས་ཀྱིས་གསུངས།།སྡུག་བསྔལ་དང་ནི་ཀུནའི་བྱུང་ཉིད།།འགོག་དང་ལཱམ་སྟེ་བཞི་པོ་ནི།།ལི།
340b7 གྱི་བཞི་མདོར་ཡང་དག་བཤད།།སྒྲུབ་པ་པོ་ནི་གནས་མིང་ཅན།ཤིང་གཅིག་དྲུང་དུ་ཡང་དག་རྟོག།ཆོས་དང་རྫོགས་ལོང་སྤྱོད་མིང་ཅན།སྣ་ཚོགས་མཚན་གཅིག་ཡང་དག་དགད།།




iiif viewer powered by OpenSeadragon

340a - 341a

Texts on this page

N408 - ye shes rdo rje kun las btus pa zhes bya ba'i rgyud