e-texts navigator
Collection
Volume
Page
Wylie

340a1 འགྱུར།།འཇམྦུ་ཆུ་བོའི་གསེར་མདོག་གམ།།ཉི་མ་འཆར་བའི་མདོག་འདྲ་བའི།།ཙ་ན་ཀ་ཡི་འདྲུ་ཆོད་ཙམ།།ཡི་གླེའི་དམ་པ་ཨཱཿབས་མ་སོ།།དེ་ཡི་དངུ་བུ་ལྷ་ཡི་གཟུགས།།ཁར་བཅུག་ནས།
340a2 ནི་རྣམ་བསྒོམས་ནི།།བྱང་ཆུབ་ཡེ་ཤེས་འོད་པོ་ཆེ།།དེ་ནི་དེ་མ་ཐག་ཏུ་འགྱུར།།འཛམྦུ་ཆུ་བོའི་གསོར་མདོག་དང་།།ཉི་མ་འཆར་ཀའི་མདོག་འདྲ་བའི།།ན་མཁའི་དབུས་ན་གནས་པ་ཡི།།ཙན
340a3 ཡི་འབྲུ་ཚོད་ཙམ།།ཡི་གེ་ཧཱུཾ་ནི་རྣམ་བསམས་ཏེ།།དབུས་རང་གི་ལྷ་བསམས་ནས།།ཁར་བཅུག་ནས་ནི་རྣམ་བསམས་ན།།རྡོ་རྗེ་སེམས་དཔའ་འོད་པོ་ཆེ།།དཔལ་ལྡན་དེ་མ་ཐག་ཏུ་འགྱུར།
340a4 འཛམྦུ་ཆུ་བོའི་གསེར་མདོག་དང་།།ཉི་མ་འཆར་ཀའི་མདོག་འདྲ་བའི།།རྣམ་པར་སྣང་མཛད་མཁའ་དབྱིངས་ཀྱི།དཀྱིལ་འཁོར་དབུས་སུ་རཔ་བསྒོམས་པ།།ལག་ཏུ་འཁོར་ལོ་རྣམ་བསྒོམས།
340a5 ན།།འཁོར་ལོའི་རིག་པ་འཛིན་པར་འགྱུར།།རྡོ་རྗེའི་སྐུ་མདོག་སྦྱོར་བ་ཡང་།།འདི་ནི་ཡེ་ཤེས་མཆོག་སྒྲུབ་པའོ།།འཁོར་ལོ་ཆེན་པོའི་རིགས་བསྒོམས་ཏེ།།ཡེ་ཤེས་རྡོ་རྗེ་དག་གིས་བྱ།།འཛམ་ཆུ་བོའི
340a6 གསེར་མདོག་གམ།།ཉི་མ་འཆར་ཀའི་འོད་འདྲ་བའི།།ན་མཁའི་དབྱིངས་ཀྱི་དབུས་གནས་པར།།རྡོ་རྗེ་མི་ཕྱེད་རབ་བསྒོམས་ཏེ།།ལག་དུ་རྡོ་རྗེ་བསྒོམས་ན་ནི།།རྡོ་རྗེའི་རིག་པ་འཛིན་པར་འགྱུར།།རྡོ
340a7 མཆོག་གི་སྒྲུབ་པ་འདི།།རྡོ་རྗེ་སྐུ་ཡི་སྦྱོར་བ་ལས།།རྡོ་རྗེ་རིགས་ཀྱི་མཆོག་བསྒོམས་པས།།ཡེ་ཤེས་རྡོ་རྗེ་དག་གིས་བྱ།།ན་མཁའ་ཁམས་ཀྱི་དབུས་གནས་པར།།རིན་ཆེན་ལ་ནི་རིན་ཆེན་སྦོམ།།




iiif viewer powered by OpenSeadragon

339b - 340b

Texts on this page

N408 - ye shes rdo rje kun las btus pa zhes bya ba'i rgyud