| | e-texts navigator
|
339a1 འདྲ་བར་འགྱུར་བར་བཤད།།སུམ་ཅུ་རྩ་དྲུག་གནས་སྦྱོར་བའི།།རི་རབ་ཀྱི་ནི་རྡུལ་ཕྲན་རྣམས།།དེ་སྙེད་དེ་ཡི་རྗེས་འབྲང་རྣམས།།དམ་ཚིག་རྡོ་རྗེ་ཞེས་བྱ་བའོ།།གནས་ནི་ལྷ་ཡི་སྦྱོར་བ་སྟེ།
339a2 སྱཱ་ནཱི་རཱིང་བ་ཅེས་བྱའོ།།བདག་ཉིད་ཆེན་པོ་སུམ་ཅུ་བདུན།།ན་མཁར་སྨཻ་བཱ་བཻ་སཱ་མ་མི་ཁྱབ།།འཛོམ་པའི་རྡོ་རྗེ་བདག་པོ་སྟེ།།འདི་དག་འཁོར་དུ་གྱུར་པ་ཡིན།།འཇིག་རྟེན་པ་ཡི་ངོ་བོ་རྫུ།
339a3 ཕྱི་ཡི་རི་རབ་བརྟག་པ་ཡིན།།དམ་ཚིག་རྡོ་རྗེ་ཞེས་བྱ་བའི།།འཁོར་ལོའི་ཏིང་འཛིན་ཅེས་བྱ།།འཁོར་ལོ་དངོས་གྲུབ་རྙེད་སླ་བ།།སྐད་ཅིག་སྦྱོར་བས་སྒྲུབ་པའོ།།རྡོ་རྗེ་ཆེན་པོ་རང་སྔགས་ཀྱིས།།
339a4 །དཀྱིལ་འཁོར་དབུསུ་རབ་བསྒོམས་པ།།རྡོ་རྗེ་ཀུན་གྱི་གནས་མཆོག་སྟེ།།ཐུགས་ཀྱི་རྡོ་རྗེ་འདྲ་བར་འགྱུར།།རི་རབ~ཾ་སུམ་ཅུ་རྩ་དྲུག་གི།རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི།།དེ་སྙེད་བུད་མེད་དེ
339a5 ཡི་ནི།།གསུམ་འགྱུར་གནསུ་འགྱུར་བ་ཡིན།།ཁམས་གསུམ་གྱི་ནི་རྡོ་རྗེ་ཆེ།།དྲག་པོ་ཡིས་ནི་ཕྱག་བྱས་འགྱུར།།རྡོ་རྗེ་དམ་ཚིག་ཅེས་བྱ་བའི།།ཏིང་འཛིན་འདི་ནི་ཡང་དགྲ་བཤད།།
339a6 པདྨ་ཆེན་པོ་མདབ་བརྒྱད་པ།།རང་སྔགས་རྡོ་རྗེ་ལས་བྱུང་བ།།ཆོས་རྣམས་ཀུན་གྱི་གནས་བསྒོམས་ན།།རྡོ་རྗེ་ཆོས་དང་འདྲ་བར་འགྱུར།།སུམ་ཅུ་རྩ་དྲུག་གནས་སྦྱོར་བའི།།རི་རབ་རྡུལ
339a7 ཕྲན་གྲངས་སྙེད་ཀྱི།།སངས་རྒྱས་རྡོ་རྗེ་མཆོག་གི་ནི།།དཀྱིལ་འཁོར་ལ་ནི་བདག་ཉིད་འཇོག།གོས་མེད་མཉམ་ཉིད་ཡེ་ཤེས་ཀྱི།།རྡོ་རྗེ་པདྨོ་གྲུ་བིཅས་སྦྱིན།།སོ་སོར་རྟོག་པ
iiif viewer powered by OpenSeadragon
338b - 339b