e-texts navigator
Collection
Volume
Page
Wylie

338b1 འདྲ་བར་འགྱུར།།ན་མཁའ་མཐའ་ཡས་ཡང་དག་རྟོག།སེམས་སྦྱོར་བ་ནི་དཔག་ཚད་ཡིན།།ལྔ་བཅུ་གཉིས་བྱུངར་གང་ཡིན་པ།།བརྒྱ་པོ་རྒྱབ་ནས་མངོན་ཕྱོགས་ལ།།ཅི་རིགས
338b2 གཅིག་པའི་ཡང་དག་རྟོགས།།སྣ་ཚོགས་རྡོ་རྗེ་འབར་ཅིག་སྩོལ།།དཔག་ཚད་བརྒྱ་ཡི་ཁྱོན་ཙམྦ་དུ།།འབར་བའི་རྡོ་རྗེ་སྣང་བ་ཡིས།།སྲ་ལ་སོགས་པ་རྒྱན་པ་ནི།།དེ་ནི་སྣང་བ་ཞེས་བཤད།།
338b3 ཚངས་པ་དབུ་བོ་ལ་སོགས་ལྷ།།དིད་པས་དེ་ལ་ཕྱག་ཀྱང་བྱེད།།འདི་ནི་མི་སྣང་བྱེད་པ་སྟེ།།ཏིང་འཛིན་འཇམ་པའི་རྡོ་རྗེ་ཉིད།།རྣམ་པརརུ་སྨིན་པ་ལྡོག་གྱུར་ཅིང་།།ཇི་སྐད་གསུངས་པ་འགྲུབ
338b4 པར་འགྱུར།།ཕུང་པོ་ལ་སོགས་གྲངས་མཉམ་པར།།མཽ་བསྐྱོད་ལ་སོགས་རབ་ཏུ་བརྟག།བཤང་གཅི་སྤྱང་ལས་དེར་གྱུར་པ།།གང་ཞིག་དམ་ཚིག་ཅེས་བྱའོ།།དམ་ཚིག་ཅེས་བྱ་དེ་དགེ
338b5 མཆོག།མི་ཕྱེད་རྡོ་རྗེ་གསུམ་འབྱུང་བས།།དཀོན་མཆོག་གྲོ་སུམ་ནི་མཉམ་བྱས་ཏེ།།བདག་མེད་པ་ཡང་བསྒོམ་པར་བྱ།།དཀོན་མཆོག་གསུམ་ནི་ལྕགས་གསུཾ་ཡིན།།བདག་མེད་ཅེས་བྱ
338b6 ཁ་ཡིན་ཏེ།།གང་འདི་རྣམ་རྟོག་གཅིག་ཉིད་དུ།།བཅུག་པ་རིལ་བུ་ཡིན་པར་འདོད།།སངས་རྒྱས་རྣམས་ཀྱིས་མི་བྱེད་པའི།།སྒོམ་པ་སེམས་ཀྱི་དམ་པའོ།།དེ་ལྟར་དེ་ཉིད་ཤེས་བསྒོམས
338b7 ནས།།སྐད་ཅིག་གིས་འཇམ་རྡོ་རྗེར་འགྱུར།།འཁོར་ལོ་འོད་འཕྲོ་མཚུངས་པར་འགྱུར།།རང་གི་སྔགས་ཀྱིས་རྣམ་བསྒོམས་ནས།།སངས་རྒྱས་ཀུན་གྱིས་གནས་བསྒོམས་ནས།།སངས་རྒྱ




iiif viewer powered by OpenSeadragon

338a - 339a

Texts on this page

N407 - dgongs pa lung bstan pa zhes bya ba'i rgyud