| | e-texts navigator
|
338a1 པོའི་གླུ་སང་གིས་རྟོག་པར་བྱེད།།ཡི་གེ་གང་གིས་མི་གང་ཞིག།འགྲོ་ལྔ་གསལ་བར་རྟོག་བྱེད་པ།།འགྲོ་དོན་གཅིག་པའི་སྦྱོར་བ་ལ།།དེ་ཉིད་ཀྱིས་ནི་དེ་ཉིད་མཐོང་།།གང་ཞིག་རྣམ་སྦྱིན་སྨིན
338a2 པ་ཡིས།།སེམས་ནི་དངོས་གྲུབ་ལ་གཞོལ་བ།།རྫོགས་ལོངས་སྤྱོད་པའི་སྲུར་སྦྱོར་ལས།།དངོས་པ་མེད་པ་ཉིད་བྱུང།།བདག་ཉིད་བསམ་གྱིས་མི་ཁྱབ་བཟུགས།།ཀུན་རྫོབ་དོན
338a3 གཉེན་པོར་འབྱུང་།།སྦྲུལ་པའི་ལུས་ལས་བསྔགས་པས་ནི།།སྒྱུ་མོ་བཞིན་དུ་སྟོན་པར་བྱེད།།གསང་བའི་དགོངས་པ་དེ་ཉིད་འདི།།འཇམ་དཔལྔ་ཡེ་ཤེས་དམ་པའོ།།རྡོ་རྗེ་གསུམ་གནས
338a4 བཱ་ཡིས།།སྒོམ་པའི་བདག་ཉིད་ཅན་གྱིས་སྒོམ།།ནུ་མཁར་བརྟགས་པའི་རྣལ་འབྱོར་ལ།།ཕུང་པོ་དགོན་པ་ཆེན་པོར་འདོད།།གནས་མེད་གནས་པའི་སྦྱོར་བུ་ཡིས།།དེ་བཞིན་ཉིད་གནས་ས་དྱ་ཧཱུ~ཾ
338a5 ཡིན།།ལོངས་སྤྱོད་རྫོགས་པའི་དཔག་བསམས་ཤིང་།།དངོས་གྲུབ་སྣ་ཚོགས་མེ་ཏོག་ལྡན།།སྤྲུལ་པའི་འབྲས་བུ་ཤིན་ཏུ་མཛེས།།ཡང་དགྲ་རྫོགས་པའི་བྱང་ཆུབ་རི།།དངོས་མེད་དབེན་པ་ཉམ།
338a6 དགའ་བ།།རྡོ་རྗེ་ཞེས་བྱ་དེས་བསྒྲུབ་བྱ།།ཕུང་སོགས་ཡན་ལག་ཐམས་ཅད་དེ།།སངས་རྒྱས་འབྱུང་བ་དངོས་གྲུབ་གྱུར།།སྔགས་འདོན་པར་ནི་གེང་གྱུར་པ།།བསྡུས་པསྔགས་ནི་གཅིག་པུ་པ།
338a7 ལུས་སོགས་རྡོ་རྗེ་གསུམ་ལ་ནི།།རྡོ་རྗེ་འཇམ་པ་བསྒོམ་པར་བྱ།།ལུས་ལ་སོགས་པ་རྡོ་རྗེ་གསུམ།།དེ་ཉིད་གསུཾ་མི་ནས་སྤྲོ་བར་བྱ།།རྡོ་རྗེ་གསུམ་དང་ལེགས་སྦྱོར་ལེས།།འཇམ་པའི་རྡོ་རྗེ།
iiif viewer powered by OpenSeadragon
337b - 338b