| | e-texts navigator
|
337b1 །།དཀྱིལ་རྣལ་འབྱོར་པ།།དབྱངས་ཀྱི་ཡི་གེ་བཞག་ཕྱུར་བྱ།།ཧཱ་ཡི་སྡེ་ཚན་ཀ་སྡེ་དང་།།བཅུ་གཉིས་ཕྱེད་བྱེད་དག་ཏུ་སྦྱར།།གཤིན་རྗེག་ཤེས་ཀྱི་གཟུགས་འདི་ནི།།ཉི་མའི་དཀྱིལ།
337b2 འཁོར་དག་ལ་དགོད།།དེ་ནས་སྔགས་པ་མདུན་འདུག་སྟེ།།དགོངས་པའི་དོན་གྱིས་བརྟག་པར་བྱ།།ཕུང་པོ་ཁོམས་ལ་སྲོགས་ལྟ་བ།།བཛྲ་ལས་ཇི་ལྟར་ལུས་ཡིན་བཞིན།།མ་བྱིན་ལེན
337b3 པ་བྱང་ཆུབ་སེམས།།ཀུན་རྫོབ་བསྟན་པ་བརྫུན་སྨྲ་བ།།ཕུང་པོ་སྲོག་ཆགས་གྱུར་པ་སྟེ།།ཚངས་པའི་གནས་བཞི་བུད་མེད་ཡིན།།མི་སྦྱིན་ཚིག་དང་རྐང་པ་སྟེ།།དེ་བཞིན་རྟེན་པ་ཉིད་ཀྱང
337b4 ནི།།དུས་གསུམ་སྦྱོར་བ་གཅིག་པུ་རུ།།སྔགས་པ་ཡོས་ནི་དེ་བྱའོ།།བཤང་བ་ཞེས་ནི་ཡུལ་ལ་བཤད།།གཅི་བཱ་ཞེས་ནི་དབང་པོ་ཡིན།།དེ་དག་ཟ་བར་བཤད་པ་ནི།།མ་སྐྱེས
337b5 གཙུག་པུར་མཐོང་བའོ།།ཁྲག་ནི་ལྤགས་པར་ཡང་དག་བཤད།།ས་བོན་ལུས་ཞེས་བྱ་བ་ཡིན།།རྐང་ནི་སེམས་ཀྱི་ཀུན་རྟོག་པ།།ཟ་བ་དངོས་མེད་གྱུར་པའོ།།སྨོན་ལམ་དབང་གིས
337b6 འདི་རྣམས་ནི།།བི་མུ་ར་ཤེ་པེ་ས་འདི།།ལྷ་རྣམས་སྦྱོར་བའི་ཆོས་ཉིད་དུ།།བདུད་རྩི་ཞེས་ནི་བརྗོད་པ་ཡིནྡ།།དགོངས་པ་ཡིས་ནི་བཤད་པ་ལ།།བྱིས་པ་རྣམས་ནི་ཡི་གེར་རྟོག
337b7 རྡོ་རྗེ་ཐིག་ལ་གནས་ཁྱོད་ཀྱང་།།ཆོས་ཉིད་དེ་ཡིང་མོ་ཤེསོ།།རྟོག་པ་ཀུན་ལས་རྣམ་འདས་པས།།ཆོས་ཀྱི་དབྱིངས་ཏེ་མཁའ་དང་མཚུངས།།དེ་འདྲ་འཇིག་རྟེན་རྒྱང་ཕན་པ།།མཐུན
iiif viewer powered by OpenSeadragon
337a - 338a