| | e-texts navigator
|
337a1 མཛོད།།སྔོན་ཆད་མཛད་པའི་སྨོན་ལམ་རབ་མཆོག་དགོངས་ནུས་ནི།།ཐུབ་པ་དྨོ་རྗེ་འཚིག་མཆོག་རྣམ་པར་དབྱེ་བར་གསོལ།།ནོར་བུ་རིན་ཆེནུ་དག་གིས་རྣམ་རྒྱན་སྐུ་ཡི་མཆོག།འགྲོ
337a2 དོན་བྱེད་སྲིང་མོ་བདག་ལ་བརྟེན་པར་མཛད།།ལྷག་པའི་སྙིང་རྗེ་ལྔས་བྱུང་རབ་མཆོག་ལྡན་པའི་སྐུ།།དྲི་དག་ནི་ཡོངསུ་བཟུང་ལ་ཆོས་རྣམས་དོད་ཡོད་མཛོད།།སྲིང་མོས་ཀྱང་ནི་ཁྱད་པར་དུ།།
337a3 དེ་ལྟར་བསྐུལ་བ་ཙམ་གྱིས་ནི།།དེ་ནས་ཡོངསུ་འཛིན་མཛད་དེ།།རིག་པའི་པདྨ་དཔལ་དུ་མཛད།།ཤིན་ཏུ་སྙན་ཅིང་ཡིད་འོང་དབྱངས་ཀྱིས་ནི།།ཕན་པས་མྱུར་དུ་འགྲོ་བ་གཉིས་མེད་འདི
337a4 སྣོད་གྱུར།།བླ་མ་བདག་ནི་གལ་ཏེ་གསོན་པར་མཆིས་བཞེད་ན།།དགའ་བ་ལས་བྱུང་ཆོས་དགའ་བདུག་ལ་དགྱེས་པར་མཛོད།།འགྲོ་བ་དང་ནི་འོད་དང་གོ་ནས་པ་ཙམ་འདི་ནི།།ནམ་ཡང
337a5 ལྷོད་པར་གྱུར་པ་དག་གི་མངའ་བ་ལགས།།ཀུན་ཏུ་སོང་བའི་བདག་ཉིད་ཅན་གྱི་དམ་ཚིག་སྟོན།།འདོད་པའི་ཡོན་ཏན་རྣམས་དང་ཁྱེད་བདག་འདོད་པ་མཛོད།།དགོངས་པའི་ཡེ་ཤེས
337a6 རྡོ་རྗེ་ཡིས།།སངས་རྒྱས་སྟོན་གཅིག་ལ་བཞུགས།།བཟླས་བརྗོད་སྦྱིན་སྲོག་དེ་བཞིན་ལྷས།།དཀྱིལ་འཁོར་ཡོངསུ་བརྟགས་པ་མཛད།།འདོད་པ་མེད་ཅིང་ཆགས་ལ་ཞི།།དེ་ཡང་དོན།
337a7 དམ་དགེ་གྱུར་ཡིན།།སྤྱོད་དུས་དེ་བཞིན་སྔགས་པ་ནི།།བཟླས་བརྗིད་དངོས་པོ་མེད་པ་ཡིན།།བསྙེངས་པ་ཡང་ནི་ཡིད་བཟང་ལྡན།།མདའ་དང་རིག་བྱེད་ཡོན་ཏན་དང་།།ཟུང་དང་ཟླ
iiif viewer powered by OpenSeadragon
336b - 337b