e-texts navigator
Collection
Volume
Page
Wylie

336b1 བྱཱ།ཀ་ཙཊ་ཏ་བ་ཚུན་ཡང་།།དབུས་དང་ཤུར་ལ་སྩོགས་སྔོན་འགྲོ།།འཕྲོ་ལ་ཕྲན་པའོ་འདོད་པ་ཡང་།།མ་སྤེལ་པོར་ནི་མཐོང་བ་ཡིན།།ཐམས་ཅད་ཀྱང་ན་རྫོགས།
336b2 ཡི་གེ།ཡི་གེ་ཧཱ་ཡིས་མཆོད་པར་བྱ།།སྣ་ཚོགས་པ་ནི་འབྱིན་བྱེད་ཅིང་།།འགྲོ་བ་དུས་གསུམ་གཅིག་པའི་དངོས།།ཡི་གེ་ཨ་ནི་ནུས་སུ་བྱ།།ལྷག་མ་རྣམ་པ་དང་བཅས་བྱ།།མཚམས་མེད
336b3 ལྔ་ཡི་སྦྱོར་བ་ལས།།སྔགས་པ་འགྲོ་བ་ཕན་པར་སྟོན།།ཤ་ཐོག་མཐའ་གནས་སྔགས་ལས་སྐྱེས།།དབང་བསྐུར་གསུམ་པོ་སྤྱི་ལས་སྐྱེ།།གཟུགས་མེད་རྟོགས་པའི་ཆོས་རྣམས་ནི།།སྐད
336b4 གཅིག་གིས་ངེས་སྦྱོར་གྱུར།།དེ་ཚེ་དཀྱིལ་འཁོར་མོད་བྱས་པ།།འཇིག་རྟེན་པ་རྣམས་ཆོས་དགར་འགྱུར།། ཀུ་ཧཱ་གནས་བྱུང་ཕྱོགས་གནས།།ཡོད་པ་ཉིད་ཀྱང་དུས་གསུམ་འདས།།
336b5 གང་དང་གང་ནས་བྱུང་བ་ཡི།།གསང་སྔགས་བསམ་པོས་མི་ཁྱབ་གསུངས།།དེ་དང་དེ་ནི་བཞུགས་གྱུར་པ།།རང་གི་མཚན་མོ་གཅིག་ཤོས་ཉིད།།གཟུགས་མེད་འདི་ལ་གནས་ཡོད་པ།།
336b6 ཆ་ནི་གསུམ་ཞེས་བྱ་བར་འགྱུར།།སྟེང་འོག་ཕྱོགས་ཀྱི་ཆ་རྣམས།།དངོས་མེད་པ་ནི་རྣམ་པར་གནས།།དངོས་པོ་གཅིག་གྱུར་མཐོང་བ་དང་།།འགྲོ་བཅས་ཚངས་པ་འགྲོ་བདག་ཉིད།།
336b7 ཚངས་པའི་གནས་པ་བཞི་པོ་ལས།།སྨོན་ལམ་ལ་སོགས་བསྒོམ་བྱ་བའོ།།འགྲོ་བ་དོན་གཏོགས་འདོད་པའི་སྟོན་གྱུར་རྣམས་ལ།།དགྱེས་པའི་བདེ་མཆོག་དགའ་བའི་འདོད་པ




iiif viewer powered by OpenSeadragon

336a - 337a

Texts on this page

N407 - dgongs pa lung bstan pa zhes bya ba'i rgyud