| | e-texts navigator
|
335a1 ཅན།གནས་མེད་གནས་པའི་སྦྱོར་བ་ཡིས།།ཐམས་ཅད་སངས་རྒྱས་རྣམས་གནས།།སྣ་ཚོགས་མཚོན་པ་དེ་ཉིད།།མཐོང་བ་གསལ་བྱེད་ཐལ་མོ་ཡིན།།དེ་བུ་དེ་རྣམས་མགུ་གྱུར་པ།།
335a2 ཀྱི་དེ་ཉིད་རྐྱེན་ལསོ།།རྒྱུ་མེད་རང་གི་དེ་ཉིད་འདི།།ཁྱེད་ཀྱི་ཕྱག་རྒྱའི་སྦྱོར་ལས་བྱུང་།།གང་ཞིག་ཤེས་པས་འདོད་འགྲུབ་པའི།།དངོས་གྲུབ་དེས་ནི་འཐོབ་པར་འགྱུར།།ཱཿཉིད་དེར་ནི་མ
335a3 གསལ་བའི།།རྒྱུ་ལས་སྦྱོར་བར་གྱུར་པ་ཡིན།།དོག་པར་དོ་ནི་ཡོང་བོ་ཤད་དེ།།དངོས་པོ་མེད་པར་རས་ཀྱི་མིང་།།འཕགས་པ་གཤིན་རྗེ་གཤེད་བསྒོམས་ལ།།གཞོན་ནུའི་གཟུགས་འང
335a4 བསྒོམ་པར་བྱ།།དོག་པོ་དེ་ཡི་རས་དོན་ལས།།མི་སྣང་བ་ལ་སོགས་གྲུབ་ཅིང་།།ཡིད་བཞིན་ནོར་བུ་འདྲ་བའི་མཆོག།འགྲོ་བའི་དོན་གཅིག་ཡང་དག་བྱུང་།།ཱཿཡི་དོག་རས་མཚོན
335a5 པས་ནི།།འཇིག་རྟེན་པ་ལ་དགོངས་པས་བཤད།།འདི་ནི་ཆོས་དང་རྫོགས་ལོངས་སྤྱོད།།སྤྲུལ་པས་དེ་ནི་གསུམ་དུ་འགྱུར།།བྱིས་པ་རྟོག་པར་བྱ་བའི་ཕྱིར།།དེ་ནི་རྣམ་པ་ལྔར་ཡང་འགྱུར།།།
335a6 ཐ་མལ་བྱིས་པའི་ཆོས་རྣམས་གང་།།རྣམ་ལྔ་གཅིག་པའི་རྣལ་འབྱོར་པ།།དེ་ཡང་ཤིན་ཏུ་ལྗིན་སེམས་ཅན།།སེམས་ཅན་སོགས་ལ་རྣམ་པར་གནས།།རྟག་པུ་ལྟང་ནི་སོ་སོར་སྣང་།
335a7 འགྲོ་བ་དུས་གསུམ་མཚན་ཉིད་གཅིག།སྐྱེ་བ་མེད་ལས་སྐྱེས་པས་ནི།།གཅིག་དང་དུ་མ་རྣམ་སྤངས་པའོ།།ཤེས་འདོད་དེ་ཚེ་སྔགས་པ་ནི།།འགྲོ་བ་བྱིས་པ་དེ་ཚེ་སྤྱོད།།དེ་ནས་གས
iiif viewer powered by OpenSeadragon
334b - 335b