e-texts navigator
Collection
Volume
Page
Wylie

334a1 མཆོག་ཡིན།།ཐལ་མོ་བཅིངས་པ་ཙམ་གྱིས་ཀྱང་།།སངས་རྒྱས་ཐམས་ཅད་ཉིད་ཐོབ་འགྱུར།།སྐྱབས་མཆོག་གསུམ་དང་དེ་ཉིད་གསུམ།།རྡོ་རྗེ་གསུམ་དང་རྣམ་ཐར་གསུམ།།ཞལ
334a2 གསུམ་མདོག་གསུམ་སྤྱན་གསུམ་དང་།།ལྷ་གསུམ་དང་ནི་ཁ་མོས་གསུམ་དང་།།དུས་གསུམ་དམ་ཚིག་མཆོག་གྱུར་གསུམ།།ཚུལ་གསུམི་དཀྱིལ་འཁོར་གསུམ་དུ་འགྱུར།།སྦྱོར་བ
334a3 གསུམ་དང་ལམ་གསུམ་སྟེ།།ཇི་སྲིད་རྟོགས་པས་བརྗོད་པ་རྣམས།།དེ་ནི་ཐལ་མོ་སྦྱོར་འདི་ཡི་ནི།།འདོད་ནོར་ལྗོན་གསུམ་གྱི་མཆོག།རིམ་དང་བསླབ་པ་སྟེར་བ་དག།མི་འོངས་སྐྱེ་བོས
334a4 འཐོབ་པར་འགྱུར།།དེ་ཉིད་དུ་ནི་དེར་འགྱུར་ན།།གཅིག་དང་དུ་མར་རྣམ་པར་སྤངས།།ཆོས་བཤད་བཤུད་པ་དྲངོས་མེད་པ།།འགྲོ་བ་རྐྱེན་གྱིས་ཡང་དྲུག་སྐྱེད།།འདི་ནི་མཁའ་ལྟར་རང་བཞིན
334a5 གཅིག།གནས་མེད་གནས་པ་ཞེས་བྱ་བ།།བསྡུ་བ་བྱས་པར་གྱུར་པས་ཀྱང་།།སྐུ་གསུང་དྲོན་གྱི་ཆོས་ཉིད།།འདྲི་ནི་ཐོག་མཐའ་མེད་པ་སྟེ།།དངོས་པོ་མེད་ཅིང་གི་ནས་མེད་པ།།མཐའ་མེད་ཟད་པ
334a6 མེད་པར་འབྱུང་།།སྐུ་གསུང་ཐུགས་ཀྱི་རྐྱེན་ལས་ནི།།རྣམ་པའི་འཇུག་པའི་ཡེ་ཤེས་ཏེ།།དེ་ལས་སངས་རྒྱས་སྙིང་པོར་གྱུར།།ཧཱུཾ་གིས་སེམས་ཅན་ཡང་དག་འབྱིན།།སངས་རྒྱས་སྐུར་ནི་རབ་ཏུ་བརྟག
334a7 ཨོཾ་ནི་ཐམས་ཅད་སྡུད་པ་སྟེ།།ཱཿནི་གནས་པ་པར་འགྱུར།།གཅིག་པུ་རྣམ་གསུམ་དེ་བཞིན་ལྔ།།གསོལ་དང་མི་གསལ་སྦྱོར་བ་ནི།།རྟེན་འབྲེལ་ཆོས་ཉིད་འདི་ཡིན་ཏེ།།དེ་ཉིད་ཀྱི་ནི་སྔགས




iiif viewer powered by OpenSeadragon

333b - 334b

Texts on this page

N407 - dgongs pa lung bstan pa zhes bya ba'i rgyud