| | e-texts navigator
|
331b1 བྱེད་པར་འགྱུར།།བྷཱུ་ནཱི་གཡོ་ཡི་ཚུལ་གྱིས་ནཱ།།རྒྱལ་པོ་རྣམས་ནི་སྨྲ་བར་བྱེད།།སྟོད་དུ་གཡོགས་པ་དག་གིས་ནོ།།བརྒྱད་གཉིས་པ་ལ་ཚུལ་དུ་བྱེད།།དེན
331b2 མ་སྐྱེས་པ་ཡི་བདག།རས་ཀྱི་རྒྱུ་མེད་པ་ཉིད་ནི།།ཱཿཡི་དོག་རས་ཉིད་རྒྱལ་པོའི།།ཡང་དག་དངོས་གྲུབ་བྱེད་པའི་མཆོག།དམ་པའི་སྐྱེ་བ་ཉིད་མཐོང་ན།།དེ་ནི་ལོང་སྤྱོད་ལ་མི་སྐྱེ
331b3 དེ་བས་སྐྱེ་བོ་མེད་གཅིག་པུ།།བྱ་བའི་སེམས་ནི་རབ་ཏུ་འཇུག།དེར་ནི་མཆེ་བ་ཅན་མི་འགྲོ།།དེ་ལ་བསིལ་བ་འབའ་ཤིག་ཡིན།།རྒྱལ་པོ་དངོས་གྲུབ་ཆེན་པོའི་རས།།བཱར་ཆད་ཤིན
331b4 ཏུ་མང་པོ་པ།།བྱ་བ་དེ་ནི་རྣམ་པོར་འཇོམས།།སྒྲིབ་པ་མེད་པའི་རྣལ་འབྱོར་ཅན།།དེ་ནི་ཚིག་དེ་ཐོས་པ་དང་།།རྒྱལ་པོའི་བར་དུ་ཡིད་དགའ་ཞིང་།།དངོས་གྲུབ་ཆེན་པོའི་རིགས་མཆོག།
331b5 ལས།།སུ་ཞིག་བདག་ནི་ཟློག་པར་བྱེད།།རས་ཀྱི་བར་ཆད་བྱེད་པ་དག།དེ་ལ་ཆད་པས་བཅད་པར་བྱ།།འདི་ལ་འཇིགས་པའི་སེམས་བོར་ལ།།སྐྱེ་བོ་མེད་པར་ཁྱེད་ཀྱིས་ནི།།རྒྱལ་རིག
331b6 ངག་གམ་རིགས་བཟངས་སམ།།གང་ཞིག་མི་སྲུན་རིགས་ཅན་རྣམས།།དོག་པ་མེད་པ་རས་འཇིག་པ།།དེ་དག་ཐམས་ཅད་བརླག་པར་བྱ།།དེ་ནས་རྒྱལ་པོ་སྦྱིན་པ་ནི།།རྒྱུད་ཀྱི་སློབ
331b7 དཔོན་བདག་ཉིད་ཆེ།།རིན་ཆེ་ནི་རིན་ཐང་མེད་ལྔ་སོགས།།བདེ་བ་ཀུན་གྱི་འབྲས་བུའོ།།འདི་ཡིས་གདོང་ནི་གཡོགས་ནསུ།།རྒྱལ་པོ་འབྲས་བུ་ལོང་སྤྱོད་ཅིག།ཱཿཡི་ངག་པས
iiif viewer powered by OpenSeadragon
331a - 332a