| | e-texts navigator
|
153a1 མི་ཤེས་པ་དང་མ་ཐོས་དྨ་དེ་བཞིན་དུ།ད་དེ་བཞིན་གཤེགས་པ་རྣམས་ཅད་དང་བྱུང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་།རིགས་ཀྱི་བུ་གསང་དུའི་མ
153a2 འདི་དག་མ་ཐོས་ཤིང་མངོན་པར་སངས་མ་རྒྱསོ།།དེ་ཅིའི་ཕྱིར་ཞེ་ན།གསང་བའི་ཡི་གེ་རྣམ་པར་དག་པའི་ཕྱིར།།དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཅང་མི་སྨྲ་བར
153a3 གནས་བྱེར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བཙུན་མོའི་བྷག་པ
153a4 བཞུག་སོ།།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བཙུན་མོས།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན
153a5 ཆེན་པོ་ལ་དགའ་བས་བསྟོད་པ།སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས།།དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ།།མགན
153a6 པོ་གཱལ་ཏེ་ད་རིང་བདག་ནི་གསོན་པར་མཆིས་བཞེད་ན།།སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ།།དེ་ནས་དེ་བཞི་དོ་གཤེགས་པ་ཐམས
153a7 ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བཙུན་མོར་མཱ་མ་ཀཱིས།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་ཆེན་པོ་ལ།རྡོ་རྗེ་འདོད་པའི་དགའ་བའི
iiif viewer powered by OpenSeadragon
152b - 153b