e-texts navigator
Collection
Volume
Page
Wylie

152b1 སྐལ་པ་མྱེད་པའི་ཕྱིརརོ།།འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་འདི་ལ།།སྐད་ཅིང་ཐང་ཅིག་ཡུད་ཙམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས
152b2 པར་བྱེད།།གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བརྩལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ།གསང་བ་འདུས་པ་ལ་མངོན
152b3 པར་དགའ་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངསུ་འགྲོའོ།།དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་གསུང་རྫོ
152b4 རྗེའི་ཡི་གེའི་ཚིག་འདི་ཐོས་ནས་རབ་ཏུ་ངུསོ།།དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།བྱང་ཆུབ
152b5 སེམས་དཔའ་ཁྱེད་རྣམ་མ་དུ་ཤིག།སྡུག་བསྔལ་གསུམ་ལ་མ་སྒོམ་ཤིག།དེ་ནས་དེ་བཞིན་གཤེགས་པ་ཐམྦ་ནཱ་ལ།བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།།
152b6 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད།ཇི་ལྟར་མི་ངུ་བར་བགྱི།ཇི་ལྟར་སྡུག་བསྔལ་གསུམ་མི་སྒོམ་པར་བགྱི།དེ་ཅིའི་ཕྱིར་ཞེ་ན།གསང་བའི་ཡི་གེའི་མིང་ཙམ
152b7 ཐོས་པའི་སྐལ་པ་ཡང་མ་མཆིས།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ།དེ་སྐད་མ་ཟེར་ཅིག།ཡི་གེ་ནི་ཐུན་མོང་སྟེ།རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་ཇི་ལྟར




iiif viewer powered by OpenSeadragon

152a - 153a

Texts on this page

N404 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po