| | e-texts navigator
|
151b1 ཐམས་ཅད་ཀྱི།།གསང་བ་གསུམ་གྱི་གནས་བསྡུས་པའོ།།དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས།རྡོ་རྗེ་ཨཉྫ་ནའི་དམ་ཚིག་འདི།ཉིད་ཀྱི་སྐུ་དང་གསུང
151b2 དང་ཐུགས་རྡོ་རྗེ་ལས་ཕྱུང་།།ལམ་གྱི་བཞི་མདོ་ཤིང་གཅིག་དྲུང་།།མ་མོའི་གནས་སམ་ཞི་གན་སུ།།དེ་རུ་རྡོ་རྗེ་ཨཉྫན།།ཐོད་པར་རྟག་ཏུ་དབབ་པར་བྱ།།ཚིལ་ཆེན་པོ་དང་ཁྲག
151b3 དང་གཤང་བ་དང་།པདྨོའི་སྐུད་པ་དང་།རྦའི་སྐུད་བས་མེ་མར་གྱི་སྙིང་པོ་བྱས་ལ།ཚེས་ཉི་ཤུ་དགུའི་ནམ་ཕྱེད་ནི།རྡོ་རྗེ་ཨཉྫ་ན་དབབ་པར་བྱའོ།།དེ་ཉིད་ལ་སྔགས་བརྒྱ་རྩ
151b4 བརྒྱད་བཏབ་ན།དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་རོ།།ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་གསུངསོ།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།།
151b5 ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་གསང་བཱི་ཡི་གེ་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
151b6 དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གི་སྤྱོད་པའི་རྡོ་རྗེ་འདི་ལ་དད་ཅིང་སྒོམ་པར་འགྱུར།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེས་དེ
151b7 བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གསུང་སོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་ཡི་གེ་གསུམ་དང་ལྡན་ན་བྱང་ཆུབ་སེམོས་དཔའ།།དེ་བཞིན
iiif viewer powered by OpenSeadragon
151a - 152a