| | e-texts navigator
|
150b1 ངོ་ཐམས་ཅད་ཀྱི་མུ་དང་གསུང་དང་ཐུགས་ཀྱི་མཆོད་པ་གསང་བ་འདི།ཉིད་ཀྱི་སྐུ་དང་གསུང་དང་ཐུག་གི་རྡོ་རྗེ་ལས་ཕྱུང་།།དབང་པོ་གཉིས་ཀྱི་སྦྱོར་བ་ཡིས།།བདག་གི་ཁུ་བ་ལ་སོགས་པ།
150b2 ཆོ་ག་བཞིན་དུ་ཀུན་མཆོད་ན།།སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར།།དེ་ནས་ཡང་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པ།ལུས་དང་ངག་དང་སེམས
150b3 ཀྱི་སྡོམ་པ་འོད།ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་།།སེམས་ཅན་ཁམས་རྣམས་མཐའ་ཡས་ཀྱི།།དམ་ཚིག་འཛིན་པའི་མ་རྣམས་ལ།།དམ་ཚིག་གསུམ་གྱི་རྡོ་རྗེ
150b4 སྤྱད།།སྡོམ་པ་འདི་ནི་རྨད་པོ་ཆེ།།དེ་ནས་ཡང་ཕྱག་ན་རྡོ་རྗེས་སྒྲུབ་པ་པོ་ཐམས་ཅད་ཀྱི་སྡོམ་པའི་རྡོ་རྗེ་འདྲི།ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་།།ལུས་དང་ངག་སེམས
150b5 ལོངས་སྤྱོད་ཀྱི།།གསང་བ་གསུམ་ཕྲ་ནས་རྡོ་རྗེ་སྐྱེས།།བཟང་པོ་བདག་གི་བསྒྲུབ་པར་བྱ།།འདིར་ནི་ཡོང་ཡེ་འཇིག་པར་འགྱུར།།དེ་ནས་ཡང་ཕྱག་ན་རྡོ་རྗེས་སྒྲུབ་པ་པོ་ཐམས་ཅད་ཀྱི་རྡོ་རྗེ
150b6 སེམས་དཔའི་སྡོམ་པ་འདི།ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་།།མཐོ་གང་ཙམ་གྱི་དཔགས་པར་ནི།།སྤྱི་བོར་དཀྱིལ་འཁོར་བརྟག་པར་བྱ།།ོཾ་ནི་དབུསུ་གནས་བསམ
150b7 ནས།།བདུད་རྩི་ལྔ་པོ་དབབ་པར་བྱ།།རྡོ་རྗེའི་སྦྱོར་བ་འདི་ཡིས་ནི།།སྐད་ཅིག་དག་གིས་གཟི་ཅན་འགྱུར།།ལུས་དང་ངག་སེམས་བདེར་གནས་པར།།འབྱུར་བར་འདི་ནི་དོགས་པ་མེད།།
iiif viewer powered by OpenSeadragon
150a - 151a