| | e-texts navigator
|
150a1 རྡོ་རྗེ་ལས་ཕྱུང་།།ཧཱུ~ཾ་ཧཱུ~ཾ་ཁཾ།ཤ་རུས་ལ་སོགས་དཀྱིལ་འཁོར་ནི།།ན་མཁའི་དབྱིས་ཀྱི་དངུ་སྐབསམ།།སྐུ་དང་གསུང་ཐུགས་གསུམ་སྙིང་པོ།།རྡོ་རྗེ་སེམས
150a2 དཔའ་བསྒོམ་པར་བྱ།།དྲག་པོ་མི་སྡུག་ཁྲོས་པ་ནི།།ུཏྤལ་སྔོན་པོའི་ཁ་དོག་འདྲ།།ཕྱག་བཞི་པ་ཡི་ཆོ་ག་ཡི།།ཕྱག་ན་ཐོད་པ་བསྣམས་པར་སྒོམ།།འོད་ཟེར་ལྔ་རྣམས
150a3 ཡང་དག་བྱུང་།།རང་ལྕེ་བརྟུལ་ཞུགས་ཅན་གྱིས་སྒོམ།།བསམ་གཏན་རྡོ་རྗེ་སྦྱོར་བ་ཡིས།།ཁྲག་དྲང་བ་ནི་མཆོག་ཡིནོ།།རྩེ་གསུམ་རྡོ་རྗེ་དམ་ཚིག་དང་།།ཕུར་བུ་དྲག་པོ
150a4 མཆོག་དག་གིས།།སངས་རྒྱས་ཉིད་ཀྱི་སྐུ་དག་ཀྱང་།།རྡོ་རྗེའི་སྦྱོར་བས་གདབ་པོར་བྱ།།དེ་ནས་ཡང་ཕྱེག་ན་རྡོ་རྗེས་རྡོ་རྗེའི་ཁ་ཟས་ཀྱི་དམ་ཚིག་གི་བྱ་བ་འདི།ཉིད་ཀྱི་སྐུ་དང་གསུང་དང་ཅུ
150a5 རྡོ་རྗེ་ལས་ཕྱུང་།།བཟའ་བ་འམ་བཏུང་བ་གང་ཅུང་ཟད།།བརྟུལ་ཞུགས་ཅན་གྱིས་གང་བཟའ་བ།།གཤང་གཅི་ཤ་ཡི་སྦྱོར་བ་ཡིས།།ཆོ་ག་བཞིན་དུ་ཡོངསུ་བརྟག།དེ་ནས
150a6 ཡང་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།སྐུ་དང་གསུང་དང་ཐུགས་རྡོ་རྗེ་མཆོད་པའི་མཆོག་འདི།ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་།།མཆོད
150a7 པའི་ཡོ་བྱད་མཆོག་ལྔ་ཡི།།མཆོད་པས་དེ་དག་མཆོད་པར་བྱ།།འདི་ནི་རྡོ་རྗེ་ཐམས་ཅད་ཀྱི།།དམ་ཚིག་ཤིན་ཏུ་འདའ་དཀའ་བའོ།།དེ་ནས་ཡང་ཕྱག་ན་རྡོ་དེ་བཞིན་གཤེགས
iiif viewer powered by OpenSeadragon
149b - 150b