| | e-texts navigator
|
149b1 འཁོར་ཉོན་ཅིག།དེ་ནས་ཡང་དེ་བཞིན་གཤེགས་པ་དང་།བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་ཐལ་མོ་སྦྱར་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ
149b2 ལྡན་འདས་དཀྱིལ་འཁོར་ཆེན་པོ་བཤད་དུ་གསོལ།བདེ་བར་གཤེགས་པ་བཤད་དུ་གསོལ།ན་མཁའི་དབྱིངས་ཀྱི་དབུས་བསམ་པ།།གྲུ་བཞི་ལྷམ་པ་རབ་ཏུ་མཛེས།།སངས་རྒྱས
149b3 དཀྱིལ་འཁོར་སྦྱོར་བ་ཡིས།།བསམ་གཏན་རྡོ་རྗེ་རབ་བསྐུལ་བྱ།།རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱིས།།འཁོར་ལོ་ཅན་ཀུན་བཞུགས་པར་བྱ།།མཆོད་པའི་ཆོ་ག་དེ་ཉིད
149b4 ཀྱིས།།བློ་དང་ལྡན་པས་རྟག་ཏུ་བྱ།།སློབ་དཔོན་སྙིང་ཁར་རབ་བསྒོམས་ནས།།དབང་བསྐུར་བ་ནི་བརྩམ་པར་བྱ།།སངས་རྒྱས་ཀུན་གྱིས་ན་མཁའི་དབྱིངས།།ཡོངསུ་གང་བར་རྣམ
149b5 བསྒོམས་ལ།།དབང་བསྐུར་བ་ཡཽ་གནས་གསུམ་གྱིས།།ཐམས་ཅད་ཆོ་ག་བཞིན་དུ་དཔབ།།སེམས་ཅན་ཀུན་ལ་ཕན་འདོད་པའོ།།བྱང་ཆུབ་འདི་ཡིས་འབབ་འགྱུར་ཞིང་།།ཛི་ན་ཚར
149b6 ཆེན་པོའི་དངོས་གྲུབ་ཀུན།།སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་གི་འཁོར་ལོ་ཞེས་བྱ་བ།བསམ་གཏན་གྱི
149b7 དཀྱིལ་འཁོར་རོ།།དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་སྦྱོར་བ་ཉེ་བྱ་བ།།སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་འདི།ཉིད་ཀྱི་སྐུ་དང་གསུང་དང་ཐུགས
iiif viewer powered by OpenSeadragon
149a - 150a