| | e-texts navigator
|
149a1 འདས་རྡོ་རྗེ་འཛིན་པ་ཡིན།སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་པོ་ཡིན་པའི་ཕྱིར།།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད
149a2 ཀྱིས།དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ
149a3 རྣམས་ཅི་ལ་གནས།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ།སྐུ་གསུམ་གསང་བའི་སྐུ་དང་གསུང་དང་ཐུགས་ནི།རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང
149a4 སེམས་རྡོ་རྗེ་ལ་གནསོ།།བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ།ལུས་དང་ངག་དང་སེམས་རྡོ་རྗེ་གང་ལ་གནས།གང་ལ་ཡང་མི་གནསོ།།དེ་ནས་བྱང
149a5 ཆུབ་སེམས་དཔའ་དེ་དག་ངོ་མཆིར་དུ་གྱུར་རྨད་དུ་གྱུར་ནས་ཅང་མི་སྨྲ་བར་འཁོད་དོ།།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ།དེ་བཞིན་གཤེགས་པའི་གས་ངོ་བའི
149a6 རྡོ་རྗེའི་ཏིང་འཛིན་ལས་བཞེངས་ནས།དེ་བཞིན་གཤེགས་པ་ཐམས་ཅད་དང་།བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ཏེ་བཀའ་སྩལ་པ།དེ་བཞིན་གཤེགས་པ
149a7 ཐམས་ཅད་དང་།བྱང་ཆུབ་སེམས་དཔའ་ཁྱེད་ཐམས་ཅད།དེ་བཞིན་གོ།གས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀུན་འབྱུང་བ་ཞེས་བྱ་བའི་ཏིང་འཛིན་གྱི་དཀྱིལ
iiif viewer powered by OpenSeadragon
148b - 149b