| | e-texts navigator
|
288a1 མ།།ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི།།རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ།།ཏཱ་ར་གཉིས་བརྗོད་ཕཊ་ཀྱ་ཡི་གེས།།དུག་རྣམས་མ་ལུས་པར་ནི་སེལ་མ།
288a2 ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ།།ལྷ་དང་མི་འམ་ཅི་ཡིས་བསྟེན་མ།།ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས།།རྩོད་དང་རྨི་ལམ་ངན་པ་སེལ་མ།།ཕྱག་འཚལ་ཉི་མ་ཟླ་བ་རྒྱས
288a3 པོའི།།སྤྱན་གཉིས་པོ་ལ་འོད་རབ་གསལ་མ།།ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས།།ཤིན་ཏུ་དྲག་པོ་རིམས་ནད་སེལ་མ།།ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས།།ཞི་བའི་མཐུ་དང
288a4 ཡང་དག་ལྡན་མ།།གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས།།འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།།རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་།།ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།
288a5 ལྷ་མོ་ལ་གུས་ཡང་དག་ལྡན་པའི།།བློ་ལྡན་གང་གིས་རབ་དང་བརྗོད་པ།།སྲོད་དང་ཐོ་རངས་ལངས་པར་བྱས་ནས།།དྲན་པས་མི་འཇིགས་ཐམས་ཅད་རབ་སྟེ།།སྡིག་པ་ཐམས་ཅད་རབ་ཏུ་ཞི་བ།།
288a6 ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ།།རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས།།མྱུར་དུ་དབང་ནི་བསྐོར་བར་འགྱུར་ལ།།འདི་ལས་ཆེ་བ་ཉིད་ནི་འཐོབ་ཅིང་།།སངས་རྒྱས་གོ་འཕང་མཐར་ཐུག
288a7 དེར་འགྲོ།།དེ་ཡི་དུག་ནི་དྲག་པོ་ཆེན་པོ།།བརྟན་གནས་པ་འམ་གཞན་ཡང་འགྲོ་བ།།ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་།།དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ།།གདོན་དང་རིམས་དང་དུག་གིས
iiif viewer powered by OpenSeadragon
287b - 288b