| | e-texts navigator
|
266a1 རྒྱས་པའི་མདངས་ལྡན་པ།།རྒྱལ་པོའི་སྒོར་ཡང་རྒྱལ་བར་འདྲེན།།དེས་ན་འདོད་པ་ཀུན་སྦྱིན་པས།།མཆོག་རབ་དེ་ཉིད་ཐོབ་པ་ཡིན།།རྣལ་འབྱོར་དེ་ཡ
266a2 ཀུན་ཤེས་ཏེ།།རྡོ་རྗེ་སེམས་དཔའི་ཡོན་ཏན་ལྡན།།འདོད་ཆགས་ཞེ་སྡང་ལས་གྲོལ་ནས།།བརྐམ་པ་ཕྲག་དོག་རྣམ་སྤངས་ནས།།རྡོ་རྗེ་བདུད་རྩི་བདེ་ཆེན་པོ།།དེ་ཡིས་སྒྲུབ་པ་འགྱུར།།
266a3 པའོ།།རྡོ་རྗེ་བདུད་རྩི་རྒྱུད་འདི་ནི།།དོན་མེང་གསང་བའི་རིམ་པ་ཅན།།མ་ལུས་རྡོ་རྗེ་ཐེག་པ་འདི།།འདི་ལས་བྱུང་གྱུར་ལྷ་མོ་ཀྱེ།།རྒྱས་པའི་པདྨ་མཱ་མ་ཀཱིས།།འདོད་ཆགས་ཀྱིས
266a4 ནི་བདེ་འགྱུར་བས།།ཁྱོད་ལ་དམ་པའི་དངོས་སྟོན་ན།།བདག་གིས་གང་ལ་ཡང་མི་སྟོན།།འདི་ནི་གསང་ཆེན་དམ་པ་ཡིན།།ཡིད་དག་ཀུན་གྱི་བདག་ལ་གནས།།བྱང་ཆུབ
266a5 སེམས་དཔའ་མ་ཤེས་ཏེ།།གཟུགས་མེད་སྟོང་པ་མི་འགྱུར་བས།།དེ་ན་དེ་ཉིད་རིག་ཆེན་པོ།།རྡོ་རྗེ་སྤྱི་གཙུག་ནོར་བུར་འདོད།།ཤིན་ཏུ་གསང་ནས་གཟུངས་ལྷ་མོ།།པཱ་དང
266a6 བུ་ལ་འང་བསྟན་མི་བྱ།།གལ་ཏེ་དྲངོས་གྲུབ་མཆོག་འདོད་ན།།གདན་དུ་གསང་བ་བསྟན་པ་དང་།།བླ་མ་ལ་ཆགས་བརྟུལ་ཞུགས་བསྟན།།དེ་ལ་སྦྱིན་ནས་དེ་ཉིད
266a7 བསྟན།།རྡོ་རྗེ་བདུད་རྩི་རྒྱུད་འདི་ནི།།བདེ་འགྲུབ་ཤིན་ཏུ་ཐོབ་ད་བ།།ཡང་དག་རྫོགས་པས་བསྐལ་བཟང་ཞིང་།།སྙིང་པོ་ཡེ་ཤེས་འདུས་པ་ཡིན།།
iiif viewer powered by OpenSeadragon
265b - 266b