e-texts navigator
Collection
Volume
Page
Wylie

265b1 ནས་གསུང་འདི་ནི།།སྤྱན་ཡང་ཕྱོ་ནུས་བཀའ་སྩལ་པ།།དེ་ཉིད་སྔོན་བཞིན་བཤད་པ་སྟེ།།བདུད་རྩི་གཟུགས་ནི་ཁུ་བ་ཡིན།།བདུད་རྩི་ལྔ་དང་ལྡན་བྱས་ཏེ།།རྟག་པར་རྫུ་ཏུ་བྱུང་།།
265b2 བར་བྱ།།རྫས་ནི་རེ་རེའོ་མཐུ་དག་ནི།།བཤད་པ་ཉོན་ཅིག་མཱ་མཱ་ཀེ།ཡེ་ཤེས་བྱ་སྒྲུབ་བྱེང་པའི།།ཁུ་བ་དངས་པར་བཟའ་བར་བྱ།།སྐུ་གསུང་ཐུགས་ཀྱི་སྒྲུབ་དོན་དུ།།ཁྲོག་ཚུན
265b3 རབ་ཏུ་བསྒྲུབ་བྱ་སྟེ།གང་ཞི་བུད་མེད་རྣམས་ཀྱི་ནང་།།བུ་མོ་ཡི་རྟག་ཏུ་བླང་།ཁྲ་ག་ཆེན་དེས་ནི་མཱ་མ་ཀཱི།དོན་ནི་ཐམས་ཅད་བྱེད་པ་པོ།།དྲག་ཤུལ་ཤྲཱི་བ་རྙེད་ན་ནི།།ཤ་ཆེན་པོ
265b4 ཡང་བཟའི་བྱ་སྟེ།།གསལ་ཤིང་བཙུག་དང་འགེགས་པ་འམ།།གཡུལ་དུ་བསད་པ་གང་དེ་ནི།།ཟབ་ཅིང་བརྟན་པས་ཟ་བྱེད་ན།།ཚེ་དང་ནད་མེད་འཕེལ་བར་འགྱུར།།དེ་བཞིན
265b5 འདོད་པའི་བདེ་བ་དང་།།སངས་རྒྱས་བྱང་ཆུབ་གྲུབ་པ་དང་།།རྡོ་རྗེ་སེམས་དཔའ་བཞིན་དུ་འཚེ།།འདོད་ཀུན་འབྲས་བུ་དྲིས་སྦྱིན་ནོ།།རྡོ་རྗེ་ཆུ་དང་བཤང་གཙོ་ནི།།རང་གིས
265b6 བཟའ་བར་རིག་པར་བྱ།།ཕྱེ་མ་ཞིབ་མོར་བྱས་པ་ལ།།ཁྲག་ཆེན་གྱིས་ནི་བསྲེ་བར་བྱ།།སྔ་ཁྲོ་དེ་བཞིན་ཉིན་ཕྱེད་དང་།།ཕྱི་དྲོ་ལེ་ནི་བཟའ་བར་བྱ།།དུས་གསུམ་ཟོས་ནས་རྣལ
265b7 འབྱོར་པས།།དེ་ནས་རྡོ་རྗེ་ཆུ་ནི་དཏུང་།།ཧ་ནི་དང་ཉིན་དུ་མཱ་མ་ཀཱི།།སྒྲུབ་པ་པོ་གང་སྒྲུབ་བྱེད་པ།།ལུས་ལ་ནད་ནི་མེད་འགྱུར་ཞིང་།།རྒས་པའི་ནོད་ཀྱང་མེད་པར་བྱེད།།སྐལ་བཟ




iiif viewer powered by OpenSeadragon

265a - 266a

Texts on this page

N398 - rdo rje bdud rtsi'i rgyud