| | e-texts navigator
|
265a1 ཡང་།།བད་བ་ལྔ་བཀའ་ཚུལ་རྡོ་རྗེ་ཅན།།རལ་གྱི་མིག་སྨན་པ་འགད་།།མངའ་ལ་རྒྱུ་བར་འདོད་པ་དག།སྒྲུབ་པ་པོས་ནི་གུང་འདོད་པ།།ལས་དེ་དགན
265a2 གྲུབ་པར་བགྱི།།དེ་ནས་སྒྲུབ་པ་པོ་ལ་ནི།།ཡིད་ལ་གང་དང་གླང་འདོད་ཐསྲང་།།དེ་ལྟར་ཐམས་ཅད་བསྒྲུབ་བྱ་བ།།རྒྱས་པའི་འདྲི་མཱ་མ་ཀི།རོ་ལངས་སྒྲུབ་པའི་མཆོག་གྱུར་པ།།
265a3 རྡོ་རྗེ་བདུད་རྩི་ལས་བྱུང་ཡིན།།སྐུ་གསུང་ཐུགས་ཀྱི་སྒྲུབ་དོན་དུ།།སྒྲུབ་པ་པོ་ཡི་བདེ་ཡང་འདྲེན།རྡོ་རྗེ་བདུད་རྩི་བདེ་ཆེན་པོ།།བཅོམ་ལྡན་རྡོ་དེ་གསུངས་སོ།།དེ་བཞིན།
265a4 གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལས་རོ་ལངས་སྒྲུབ་པ་བསྟན་པ་ཅེས་བྱ་བ
265a5 ལེའུ་བཅུ་པའོ།།།དེ་ནས་བཅོམ་ལྡན་རྡོ་རྗེ་ཅན།།རྡོ་རྗེ་བདུད་རྩི་བདེ་ཆེན་པོས།།རྡོ་རྗེ་པདྨ་མཉམ་སྤྲོ་ཏེ།ཅང་མི་གསུང་བར་ཆེར་བཞུགས་སོ།།དབུགས
265a6 དགག་ཕྱིར་ནས་མི་གཡོནས།།མི་འཇིགས་པ་དང་མི་གསུང་དང་།།ཏིང་འཛིན་མཆོག་ལ་བཞུགས་པ་ལ།།མཱ་མ~ཾ་ཀ་ས་ནི་ཡང་ཞུས་ཏེ།།བཅོམ་ལྡན་རྡོ་རྗེ་ཕྲ་མོ་ནི།།སེམས
265a7 ཅན་ཀུན་གྱི་ཡིད་ལ་གནས།།ཅི་ལྟར་རྣམ་པ་གང་གིས་ནི།།དེ་བཞིན་ཉིད་དེ་ཐོབ་པར་བགྱི།།དེ་ནས་བཅོམ་ལྡན་རྡོ་རྗེ་ཅན།།རྡོ་རྗེ་བདུད་རྩི་བདེ་ཆེན་པོས།།བཞད་པ་མཛད
iiif viewer powered by OpenSeadragon
264b - 265b