| | e-texts navigator
|
264b1 འམ།།གཞུ་རོ་ཚུལ་གྱིས་བཀང་བར་བྱ།།ཐོད་པས་ཉེ་བར་རྒྱན་བྱེད་ཅིང་།།རིམ་པ་བརྒྱད་དང་ལྡན་པར་བྱ།།ཤ་ཡི་ཁམས་ཅན་ཐོད་པ་དབང་།།ཁནྟི་ཐམས་ཅད་ཀྱིས་འཛིན་ཏེ།
264b2 ཞལ་གསུམ་པ་ལ་དྲག་པོའི་གཟུགས།།ཕྱག་དྲུག་རལ་གྲི་ཕྱག་ན་འཛིན།།དཀྱིལ་འཁོར་དེ་ཡི་ཕྱི་རོལ་དུ།།སྒོ་སྲུང་མཱ་ནི་རབ་ཏུ་བརྟགས།།གླང་ན་དང་ནི་གླེང་ཆེན་རྣ།།ཞལ་མཛེས
264b3 དེ་བཞིན་ཞལ་གདུག་མ།།དྲག་མོ་ཞགས་པ་ལྕགས་ཀྱུ་འཛིན།།མི་སྔགས་འཇིག་པས་འཇིག་བྱེད་རྣམས།།ཞལྔ་གཅིག་པ་ལ་ཕྱག་གཉིས་སོ།།མེ་ཏོག་མཆོད་པ་ཡང་དག་བྲི།
264b4 རྣམ་པ་སྣ་ཚོགས་རིམ་པ་ཡང་།།དཀྱིལ་འཁོར་ལ་ནི་མཆོད་པ་ནི།།དེ་ནས་དཔའ་བོ་སྒྲུབ་པ་པོས།།དུང་ཆེན་གྱིས་ནི་རྒྱན་བྱས་པ།།ཐོད་པའི་ཕྲེང་ཐོད་བཅིངས་པ་ཡི།།ཁྲག་འཐུང
264b5 གདུགས་ནི་སྒོམ་བྱེད་པས།།དེ་ལ་ཅང་ཏེའུ་བརྡུངས་ནས་སུ།།གར་བྱེད་ཅིང་ནི་ཁང་པད་འཇུག།དེ་ཡི་སྙིང་ཀེར་མནན་པའི་སྔགས།།བྷྱོ་ཡི་གེ་ལ་བཟླ་བྱ་སྟེ།།ལྷ་ཡི་དཀྱིལ་འཁོར་མཆོད
264b6 ནས་སུ།།ཁྲག་ཆན་གྱིས་ནི་གཏོར་བར་བྱ།།དཔལ་ལྡན་ཁྲག་འཐུང་སྔགས་ཆེན་ནི།།སྒྲུབ་པ་པོས་ནི་བཟླས་མ་ཐག།ཁྲོ་དང་ལྡན་པོའི་ཨགྲ་བཙར་བྱ།།རོ་ལངས་ཀྱིས་ནི་གང་སྒྲོགས
264b7 བྱེད།།དེ་ཚེ་སྔགས་པས་མི་འཇིགས་ཏེ།།ཁྲག་འཐུང་སྔགས་ནི་དྲན་པར་བྱ།།ལངས་པའི་རོ་ལངས་དེ་ཡིས་ཡང་།།སྒྲུབ་པ་པོ་ལ་འདི་སྐད་སྨྲས།།དཔའ་ཆེན་པོ་ཀྱེ་ལས་གང
iiif viewer powered by OpenSeadragon
264a - 265a