e-texts navigator
Collection
Volume
Page
Wylie

441a1 བའི་ཁང་པ་བརྩེགས།།གསང་བ་སྔགས་ཀྱི་རྒྱ་མཚོ་ཡི།།མ་ལུས་རྒྱལ་བ་བགྲོད་པའི་ཡུལ།།གསོང་བ་ཆོས་ཀྱི་དབྱིངས་ཆེན་པོ།།དང་ལྡན་རྒྱུ་སྐར་དཀྱིལ
441a2 འཁོར་དུ།།ཀླ་ཀློའི་ཡུལ་གྱི་མི་རྣམས་དང་།།ལྷ་དང་ལྷ་མིན་དྲི་ཟར་བཅོས།།གསང་ཆེན་ཡོངསུ་རྫོགས་པ་ཡི།།རང་བྱུང་ཡེ་ཤེས་ཕོ་བྲང་དུ།།ཚངས་དབང་ཁྱབ་འཇིག་དབང་ཕྱུག
441a3 བདག།དཀྱིལ་འཁོར་སྒོ་བཞིར་བཅུག་ནས་ཀྱང་།།སྐྱེ་བོ་ཆག་ཅན་པ་འདུལ་ཕྱིར།།མཆོག་ཏུ་གྱུར་པའི་སྙིང་པོ་གསུངས།།ཕྱོགས་བཅུར་གནས་ཀྱི་སངས་རྒྱས་དང་།།བྱང་ཆུབ
441a4 སེམས་དཔའི་ཚོགས་རྣམས་དང་།།དཔའ་བོ་རྣལ་འབྱོར་དབང་ཕྱུག་ཚོགས།།གང་གའི་ཀླུང་གི་བྱེ་སྙེད་ཀྱི།།ཁྲག་ཁྲིག་རི་རོབ་རྡུལ་མཉམ་པ།།དེ་དབུས་སོང་གེའི་ཁྲོ་བཞུགས
441a5 པའི།།ཐུབ་པའི་རྒྱལ་པོ་དེ་བཞིན་གཤེགས།།རྡོ་རྗེ་འཛིན་པ་ཆེ་ནི་པཱ་ལ།།རྡོ་རྗེ་སྙིང་པོ་སེམས་དཔའ་ཚེ།།བླ་གྲོས་ཕྲག་པ་གཅིག་གཟར་ཏེ།།པུས་མོའི་ལྷ་ང་ས་ལ་བཙུགས།།
441a6 ཐལ་མོ་སྦྱར་ཏེ་འདི་དོན་ཞུས།།གསང་ཆེན་ཁྱད་པར་འཕགས་པ་ཡི།།ལྷུན་གྱིས་འགྲུབ་པའི་ཕྱག་རྒྱ་ཆེ།།མི་འགྱུར་རྡོ་རྗེ་ཐེག་པའི་ལམ།།དུས་དང་གནས་དང་གང་ཟག་སྟེ།།
441a7 སྤྱོད་ཡུལ་བསྟན་པའི་ཁྱད་པར་གྱི།།སྒྲུབ་དང་སྒྲུབ་པ་ཕྲིན་ལས་ཚོགས།།ཐབས་དང་སྟོབས་དང་འཇུག་པ་སྟེ།།རིམ་པ་མངོན་བྱེད་རྒྱུར་ལྡན་པ།དེ་ཉིད་བཅོམ་ལྡན་གསུང




iiif viewer powered by OpenSeadragon

440b - 441b

Texts on this page

N386 - dpal rdo rje nag po chen po khros pa'i mgon po gsang ba dngos grub 'byung ba zhes bya ba'i rgyud