e-texts navigator
Collection
Volume
Page
Wylie

440b1 ན་མཁའི་རྒྱ་མཚོ་འབྲས་ལྡན་པ།།ཕུན་སུམ་ཚོགས་པ་ལྷུན་གྱིས་འགྲུབ།།མོ་ཕྱེད་ལྷན་ཅིག་སྐྱེས་པ་རྒྱལ།།ཕོ་བྲང་གསང་བའི་གནལ་ཡས་ཁང་།།དཀྱིལ་འཁོར་རིན་ཆེན་འོད་འཁྲུག།།
440b2 བབྷེ་སར་པདྨའི་དབུསུ་ནི།།ཀུན་ནས་ཟླུམ་པོར་འཁོར་བ་ནི།།ཚད་མེད་ཕྲེང་བས་རྒྱན་པ་ནི།།བཀོད་པ་དཔག་མེད་རིམ་པར་ལྡན།།རི་རབ་ལྷུན་པོ་མཆོག་བྱུང་བཱི།།དེ་ཉིད་ཀུན་།
440b3 ནས་ཡོངས་བསྐོར་བའི།།རྒྱ་མཚོ་དང་ནི་རི་རྣམས་ཏེ།།ཤིན་ཏུ་མཉམ་ཞིང་མཚུངས་པར་འཁོར།།དེ་ཉིད་རིམ་པ་ཡོངསུ་བརྟ་ནི།།བྱེ་བྲག་མཚུངས་མེད་དམར་ཆེན་མཚོ།།རིན
440b4 པས་ཆུ་བཏེར་འོ་མའི་གནས།།འབྱུང་བ་བསྡུས་པ་མི་ལུས་ཀྱི།།ཕུང་པོ་རུས་པའི་རི་བོ་ལ།།ཕྱི་ནང་མཉམ་པའི་ཚད་ཅན་གྱི།།ལྷུན་གྱིས་འགྲུབ་པར་བསྟན་པ་ཡིན།།དེ་ལས
440b5 དངོས་པོ་སྣ་ཚོགས་ཀྱིས།།ཌཱ་དང་སྣང་བ་ཡེ་ཤེས་གཟུགས།།རང་བྱུང་བདེ་བ་ཆེན་པོ་ཉིད།།མཉམ་པ་མེད་པ་ཀུན་ཏུ་འབྱུང་།།དུས་གསུམ་དེ་བཞིན་གཤེགས་པ་ཡི།།
440b6 འབྱུང་གནས་སྙིང་པོ་རྡོ་རྗེའི་གང་ནི།།རྡོ་རྗེ་སྐྱིལ་ཀྲུང་མི་ཕྱེད་ལས།།ཐོག་མཐའ་མེད་པའི་རང་བཞིན་ཅན།།གྲས་བ་ཆེན་པོའི་རིགས་དག་པའི།།འདོད་ཆགས་རྡོ་རྗེའི་སྐུར
440b7 ལྡན་པ།།ལྷོ་ཕྱོགས་བྱ་རྐེང་རི་དང་ནི།།དཔལ་ཀྱེ་རི་ལ་མདུན་ཕྱོགས་པ།།དྷ་ན་ཀ་ཊ་པརྦ་ཏེ།།པདྨ་གེ་སར་རྒྱས་པའི་དབུས།།ཆོས་ཀྱི་འབྱུང་གནས་རྟག་པར་གནས།།དང་ལྡན་དོག




iiif viewer powered by OpenSeadragon

440a - 441a

Texts on this page

N386 - dpal rdo rje nag po chen po khros pa'i mgon po gsang ba dngos grub 'byung ba zhes bya ba'i rgyud