e-texts navigator
Collection
Volume
Page
Wylie

440a1 པ་མཆོག་པོ་བསྟན་པ་ལ།།འདོན་དང་སྤྱོད་དང་སྤྱད་པ་གསུམ།།ལྔ་བརྒྱ་དུས་ཀྱི་སྒྱོགས་མ་ལྔ།།བདག་ཏུ་འཛིན་པ་སྤོང་བར་མཛད།།སྐུ་གསུམ
440a2 ཡེ་ཤེས་ལྔ་ལྡན་པར།།གསང་བ་གཅིག་པུ་བསྒྲུབ་པར་བྱ།།ཞེས་བཀའ་སྩལ་ཏེ།།གསང་བའི་བདེ་བ་ཆེན་པོ་དབྱིངས་ལ་རབ་ཏུ་ཞུགས་པ་བཅོམ་ལྡན་འདས་དཔལ
440a3 ཧཱུཾ་རུ་ཀཱ་རྡོ་རྗེ་རང་རིག་པའི་རྣལ་འབྱོར་མའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུསུ་སངས་རྒྱས་ཐམས་ཅད་ཀྱི་ལྷུན་གྱི་གྲུབ་པའི་གནས་གསང་བ་རང་བྱུང་བླ་ན་མེདྨ
440a4 པའི་རྡོ་རྗེ་རབ་ཏུ་རྒྱལ་བའི་སྙིང་པོ་མི་ཕྱེད་པའི་རྡོ་རྗེའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ།སྐུ་གསུང་ཐུགས་རྡོ་རྗེའི་སྙིང་པ་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབོ་ཅིང་བདུད་ཀྱི
440a5 གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་བཞིས་བྱ་བའི་ཆོས་མི་ཟད་པ་ཡང་དག་པར་འབྱུང་པོ་ཞེས་བྱ་བ་སྟོན་པར་མཛད་།།རྡོ་རྗེ་བཞི་ལ་གནས་པའི་ཆ།།གཏེར་གྱི་བུམ
440a6 པ་ཁ་སྐྱེར་ལྡན།།དུས་ཀྱི་རྒྱལ་པོ་འོད་གསལ་བ།།ཆུ་འཛིན་ཕྱོགས་ཙམ་ཕྱེད་ལྡན་ཉིད།།སྒྲ་དང་སྒྲ་ལས་ཁྱབ་པ་སྟེ།།དུ་མ་མ་ཡིན་གནས་པའི་ཡུལ།།དམ་ཚིག
440a7 གསང་པོ་འབྱུང་བ་ལས།།རྒྱལ་བ་རིན་ཆེན་འབར་བའི་གཙོ།།བྱཾ་ཀྐས་དུས་མེད་པར་རང་བྱུང་བ།།ཆོས་འབྱུང་པོ་བྲང་དཀྱིལ་འཁོར་དུ།།རིགས་ཀྱི་ཡོན་ཏན་ལྡན་པར་ནི།།




iiif viewer powered by OpenSeadragon

439b - 440b

Texts on this page

N386 - dpal rdo rje nag po chen po khros pa'i mgon po gsang ba dngos grub 'byung ba zhes bya ba'i rgyud