| | e-texts navigator
|
438a1 གྱུར་པ།།མྱ་དྲན་འདའ་བར་མི་མཛད་ཅིང་།།དེ་སྲིད་མཚུངས་མོད་སེམས་ཅན་དོན།།རྒྱུན་མ་འཆང་པར་འགྲོ་བ་ཀུན།།སྲིད་པའི་ཞགས་པས་འཇིགས
438a2 མེད་པར།།བྱམས་པའི་ཐུགས་ཀྱི་བརྩོན་འགྲུས་ཀྱིས།།རྟག་ཏུ་སེམས་ཅན་དོན་རྣམས་མཛད།།ན་མཁའི་ཁམས་ཀྱི་མཐར་ཐུག་པར།།སྨོན་ལམ་རྣམ་པར་སྤོང་བྱེད།།
438a3 ཅིང་།།སྙིང་རྗེས་དོན་བརྩོན་སེམས་ཀྱིས་ནི།།དཔའ་བོས་སྲིད་པ་སྦྱོང་བར་མཛད།།སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན།།འདི་ནི་རྒྱུད་རྣམས་ཀུན་ཏུ་ཡང་།།ཀླ་ཀློའི་སྙིད།
438a4 ཀྱིས་སྦས་པ་སྟེ།།འཁོར་བའི་སྡུག་བསྔལ་འཇོམས་པའོ།།རྡོ་རྗེ་སེམས་དཔའ་མཉམ་གྱུར་པའི།།རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ།།མྱུར་དུ་དངོས་གྲུབ་སྟེར་བྱེད་པ
438a5 འཕྲལ་དུ་ཡང་དག་ཡིད་ཆེས་བྱེད།།བསམ་པ་གང་དང་གང་དག་གིས།།མི་རྣམས་སེམས་དང་འཐུན་པར་འཇུག།དེ་དང་དེ་ཡི་གཟུགས་སྤྲུལ་ཏེ།།སྣ་ཚོགས
438a6 གཡོགས་ཏེ་བདེ་བར་བཞུགས།།དེ་ཕྱིར་འབད་པ་དུ་མ་ཡིས།།སྣ་ཚོགས་ཚུལ་གྱིས་འཐུན་པར་བྱ།།བདག་ཉིད་སངས་རྒྱས་ཧེ་རུ་ཀ།།དཔའ་པོ་རྣལ་འབྱོར་མ་ཚོགས
438a7 ཅན་རང་གི་ལྷ་ཡི་རབ་སྦྱོར་བས།།བདག་ཉིད་ཡེ་ཤེས་མཆོག་འགྲུབ་འགྱུར།།འདི་ཡིས་རྒྱལ་པ་རྒྱོ་མཚོ་དང་།།དཀྱིལ་འཁོར་བ་དང་ཞེང་སྐྱེང་ཚོགས།།གདོད་ནས་གྲུབ
iiif viewer powered by OpenSeadragon
437b - 438b