| | e-texts navigator
|
436b1 བླ་ཕྱོགས་ས་རྣམ་པར་དག་པར་མྦྷ་བྷཱུ་ཎཱ།ཐུར་པའི་དོན་དུ་རློམ་པ་འདུས་དུ་མད་པར་འགྱུར།།ད་ལྟར་བྱས་ནུ་ཉོན་མོངས་པ་ཅན་མ་ཡིན་པ་དང་།དག་པ་དང་མ་དག་པ
436b2 ཉིད་སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་དེ་ཇི་ལྟར་ན་ཉོནི་མོངས་པ་ཡང་མ་ཡིན་ཞིང་མ་དག་པ་ཡང་མོ་ཡིན།།ཉོན་མོངས་པ་བློ་བུར་གྱི་ཕྱིར་ཇི་ལྟར་ཉོན་མོངས་པ་ཅན
436b3 མ་ཡིན་ཞིང་དག་པའང་མ་ཡིན།།དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་གསུང་སོ།།དེ་ལ་སྟོང་པ་ཉིད་ཀྱི་མདོར་བསྡུས་པའི་དོན་སྒྲུབ་པ་ཡིནོ།།ཡང་གསུངས་པ།འདོད་ཆགས
436b4 ཀྱི་གཉེན་པོར་མི་སྡུག་པ་ལ་སོགས་པ་དང་།ཞེ་སྡང་གི་གཉེན་པོར་བྱམས་པ་དང་།གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འགྱུར་བའོ།།དེ་ལ་ཇི་ལྟར་འདོད་ཆག
436b5 རྣམ་པར་ལྡོག་ཅེ་ན།གལ་ཏེ་དེ་དང་འགལ་བའི་ཕྱི་རོ་མ་ན།ཡིན་མོད་ཀྱི་གང་ཞིག་དེ་སྐད་དུ་འདོད་ཆགས་ཀྱི་བདག་ཉིད་དུ་བྱེད་པ་ན་འདོད་ཆགས་དང་བྲལ་བ་ཡིན།།དེ
436b6 བཞིན་དུ་གསུངས་པ།བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ཨཾ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི་འདོད་ཆགས་ཀྱི་ཡེ་ཤེས་ནི་རྙོག་པ་མེད་པ་སྟེ།འདོད་ཆགས་ཀྱིས་འདོད
436b7 ཆགས་དང་བྲལ་བ་བཅོམ་ནས་བདེ་བ་ཐམས་ཅད་སྦྱིན་པར་བྱེད།།འདོད་ཆགས་ལ་སོགས་པ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་མེད་པ་དང་བཅས་པ་སྟེ།གཞན་དུ་རྒྱུན་ཏུ་ཞུགས
iiif viewer powered by OpenSeadragon
436a - 437a