| | e-texts navigator
|
436a1 སྟོང་པ་ཉིད་དེ།དེའི་ཕྱིར་དེ་ལས་བྱུང་བ་དོན་དམ་པའི་དངོས་པ་ནཱ་དཱ་རཱ་ང་སྟོང་པ་ཉིད་དང་།ཕྱི་རོལ་གྱི་ཆོས་དྲང་གང་ཟག་དངོས་པོ་མེད་པ་ཉིད་ལས
436a2 བྱུང་བའི་གཅིག་པའི་དངོས་པོའོ།།དེར་ཇི་སྐད་གསུངས་པའི་ཟབ་མོ་ལ་སོགས་པ་སྟོང་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་ཏུ་མཚན་ཉིད་བཤད་པའི་དོན་དུ་གཞུང་གཉིསུ
436a3 སྟོང་པ་ཉིད་རྣམ་པར་གཞབ་པར་བྱ་སྟེ།དངོས་པོ་མེད་པ་སྟོང་པ་ཉིད་དང་།དངོས་པོ་མེད་པའི་རང་བཞིན་སྟོང་པ་ཉིད་དེ།ཆོས་དང་གང་ཟག་ལ་ཡང་དག་པར་འཇུག
436a4 པོ་དེའི་སྟོང་པ་ཉིད་ཇི་སྙེད་པ་ཡོང་སུ་སྦྱང་བའི་དོན་དུ་རིམ་པོ་ཇི་ལྟ་བ་དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བར་ཤེས་པར་བྱའོ།།ཇི་ལྟར་སྒྲུབ་པར་རྣམ་པར་ཤེས་པར
436a5 བྱ་ཞེ་ན།གལ་ཏེ་འདི་ཀུན་ནས་ཉོན་མོངས་པ་ཅན་དུ་མ་གྱུར་ན་ལུས་ཅན་ཐམས་ཅད་གྲོལ་བར་འགྱུར།།གལཱཾ་ཏེ་འདི་རྣམ་པར་དྲག་པོར་མ་གྱུར་ན་བརྩམས་པ
436a6 འབྲས་བུ་མེད་པར་འགྱུར།།གལ་ཏེ་ཆོས་རྣམས་ཀྱི་སྟོང་པ་ཉིད་བློ་བུར་གྱི་ཀུན་ནས་ཉོན་མོངས་པ་མ་སྐྱེས་པའི་ཕྱིར་མི་མཐུན་པའི་ཕྱོགས་ཀྱིས་ཀུན་ནས་ཉོན་མོང
436a7 པ་ཅན་དུ་མ་གྱུར་ན་ཀུན་ནས་ཉོན་མོངས་པ་དངོས་པོ་མེད་པའི་ཕྱིར་འབད་པ་མེད་པ་ཉི་དུ་སེམས་ཅན་ཐོར་གྲོལ་བར་འགྱུར།།དེ་ནས་མ་སྐྱེས་པའི་ཡང་མི་མཐུན
iiif viewer powered by OpenSeadragon
435b - 436b